
ཟླ8པའི་ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁཱ་ལུའོ་ཉི་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས27ཉིན་པེ་ཅིན་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁཱ་ལུའོ་ཉི་ལ་ཐུག་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ་ངོ75རིང་། ཀྲུང་གོ་དང་སུའེ་ཙེར་གྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་གྲུབ་འབྲས་ཐོབ་པ་བཅས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཕྱོགས་གྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ། མཉམ་ལས་ཀྱི་གོ་སྐབས་ཁོང་དུ་ཆུད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་ཐག་དམ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་ཏུ་འཇུག་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་སུའེ་ཙེར་གྱི་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་བྱས་རྗེས་སུ་འཇོག་འདོད་ཡོད།
ཁཱ་ལུའོ་ཉི་ཡིས་བསྟན་དོན། སུའེ་ཙེར་དང་ཀྲུང་གོས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་དམིགས་བསལ་གྱི་ལོ་དེར་ཀྲུང་གོར་འཚམས་འདྲིར་ཕེབས་པར་ཧ་ཅང་དགའ་སྤྲོ་སྐྱེ་པ་ཡིན། ཀྲུང་གོའི་གསར་གཏོད་ནུས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། སུའེ་ཙེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་མོས་ཉོ་ཚོང་གི་ཆོད་དོན་རིམ་སྤར་གྲོས་མོལ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། མཉམ་དུ་ཕྱོགས་མང་རིང་ལུགས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རེ་བ་ཡོད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཁང་གིས་ཀྲུང་གོར་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཡུང་དང་ཝང་ཏུང་ཧྥེང་སོགས་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba