ཀྲའོ་ལེ་ཅི་ཡིས་ཧན་གོའི་སྲིད་འཛིན་གྱི་ཆེད་མངགས་ཕོ་ཉར་ཐུག་འཕྲད་གནང་།

2025-08-29
378

ཟླ8པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཧན་གོའི་སྲིད་འཛིན་གྱི་ཆེད་མངགས་ཕོ་ཉ་ཕོའེ་པའེ་ཞི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་ཧན་གོའི་སྲིད་འཛིན་གྱི་ཆེད་མངགས་ཕོ་ཉ་ཕོའེ་པའེ་ཞི་ལ་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལི་ཙེ་མེང་དང་མཉམ་དུ་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཐུན་མོང་གི་ངོས་འཛིན་གྲུབ་པར་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲོད་འོག་ཏུ། ཕན་ཚུན་བརྩི་བཀུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གྲོས་མོལ་མཐུན་སྦྱོར་ལ་ཤུགས་སྣོན་པ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་ཆོས་བརྗེ་རེས་རྒྱ་བསྐྱེད་པ། དྲང་ནུས་སྔར་ལས་མང་པོ་གཅིག་སྡུད་བྱེད་པ། ཕན་ཚུན་མཛའ་མཐུན་གྱི་འབྲེལ་བ་དར་སྤེལ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཧན་གོའི་འབྲེལ་བ་དུས་བསྟུན་མདུན་སྐྱོད་དང་བརྟན་བརླིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧན་གོའི་རྒྱལ་ཚོགས་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་འདོད་ཡོད།

ཕོའེ་པའེ་ཞི་ཡིས་བསྟན་དོན། ཧན་གོའི་སྲིད་གཞུང་གསར་པས་ཧན་གོ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏན་འཇགས་ཡོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཡང་བསྐྱར་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། །


  • 顶