ཀྲའོ་ལེ་ཅི་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་བསྡུས།

2025-08-28
349

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་ཚེས26ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།  གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཟླ9པའི་ཚེས8ཉིན་ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས་རྒྱུའི་ཐག་བཅད།

ཨུ་ཡོན་ཀྲང་གྲོས་ཚོགས་ལས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་རྡུལ་ཕྲན་ནུས་པའི་བཅའ་ཁྲིམས་འཆར་ཟིན་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་འཆར་ཟིན། འདུམ་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་འཆར་ཟིན། ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། ཉེན་ཆེའི་རྫས་འགྱུར་དངོས་རྫས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སྤྱིའི་རྩ་དོན་རྩོམ་སྒྲིག་འཆར་ཟིན། སྐྱེ་ཁམས་སྲུང་སྐྱོབ་རྩོམ་སྒྲིག་འཆར་ཟིན། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་རྩོམ་སྒྲིག་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན། བཙོན་ཁང་གི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་པ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁེ་ལས་ཀྱི་མ་རྩ་རྡིབ་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞི།   སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཁྲལ་བསྡུའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོ་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག་དང་། ཀྲུང་གོ་དང་སེར་ཝེ་ཡའི་ཁྲིད་སྐྱེལ་ཆིངས་ཡིག་ལ་གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲོད་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་པའི་བསམ་འཆར་བཏོན།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་གྲོས་རིམ་ལ་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོའི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོའི་ཚུན་གྱི་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ།   2024ལོའི་ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་།   ནམ་ཟླའི་འགྱུར་ལྡོག་དང་ཐཱན་རྩེར་སྙེག་དང་ཐཱན་སྙོམས་སྒྲིག་བྱ་བར་ཁ་གཏད་འཇལ་ཚུལ་སྐོར་གྱི་སྙན་ཞུ། ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་བསྒྱུར་བཅོས་ཚོད་ལྟའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱེད་པ་དང་།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་བའི་གནད་དོན་གལ་ཆེན་འགའ་ཞིག་གི་ཆེད་དོན་རྟོག་ཞིབ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།   ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཅིར་ཅི་སི་ཐན་དང་ཧང་ག་རི།  སུའེ་ཙེར་བཅས་ལ་འཚམས་འདྲི་གནང་བར་མ་ཟད་འཛམ་གླིང་གྲོས་དཔོན་གྱི་ཚོགས་ཆེན་ཐེངས་དྲུག་པར་ཞུགས་པའི་གནས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུར་གྲོས་ཞིབ་བྱེད་པ།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་།  འབྲེལ་ཡོད་བསྐོ་འཐེན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་པ་སོགས་འདུ།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ད་ལོའི་ཚུན་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་དབྱེ་ཞིབ་སྙན་ཞུར་གྲོས་ཞིབ་བྱས་པ་དང་། 2025ལོའི་ཟླ2པའི་ཚུན་གྱི་རྒྱལ་ཡོངས་དམངས་ཆེན་ལས་ཁུངས་ཀྱི་མང་ཚོགས་ཀྱི་འཕྲིན་བཅར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སོགས་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧོ་མིན་ཅིན། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨེར་བཅས་གྲོས་ཚོགས་ལ་ཞུགས། །


  • 顶