ཞི་ཅིན་ཕིང་གིས་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞིར་མཇལ་འཕྲད་གནང་།

2025-08-27
386

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་ལ་མཇལ་འཕྲད་གནང་།

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་གཡོ་འགུལ་དང་འཕོ་འགྱུར་ཆེ་བའི་དེང་གི་འཛམ་གླིང་སྟེང་ཆེས་བརྟན་ལྷིང་དང་། ཆེས་ཚད་ལྡན།  འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་ཞིག་ཏུ་ཆགས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་འབྲེལ་བར་རྒྱུན་འཁྱོངས་ལྷད་མེད་སྒོས་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་ཞི་བདེ་བརྟན་ལྷིང་གི་འབྱུང་རྩའང་ཡོད། ད་ལོའི་ཟླ5པར། ངས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། གཟའ་འཁོར་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན། ཀྲུང་གོ་དང་སུའུ་ལེན་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པས། འཇར་པན་དམག་རྒྱལ་རིང་ལུགས་དང་འཇར་མན་ཧྥ་ཤི་སིའི་བཙན་འཛུལ་འགོག་ཆེད་མི་རིགས་ཆེན་པོའི་བློས་གཏོང་བྱས་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་རྒྱུན་འཛིན་བྱེད་པ་དང་། འཐབ་ཇུས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས། ཕྱོགས་གཉིས་ཀས་ཧུར་ཐག་གིས་རྒྱལ་སྲིད་སྐྱོང་ལུགས་དང་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱས་ནས། གནས་བབ་གསར་པའི་འོག་གི་ཀྲུང་་གོ་དང་ཨུ་རུ་སིའི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཁྲིམས་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་རེ་བ་བཅངས་ཡོད་ཅེས་ནན་གྱིས་གསུངས།

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་ལ་མཇལ་འཕྲད་གནང་།

ཝོ་ལུའོ་ཅིན་གྱིས་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས། ཝོ་ལུའོ་ཅིན་གྱིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག  ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་པ་དང་། གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ཨུ་རུ་སིའི་གྲོས་ཁང་ཞོལ་མས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་གཞོལ་བ་དང་། ཨུ་རུ་སི་དང་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་འདོད་ཡོད། ལོ་ངོ80ཡི་སྔོན་ལ། སུའུ་ལེན་དང་ཀྲུང་གོའི་མི་དམངས་ཀྱིས་ཧྥ་ཤི་སི་ལས་རྣམ་པར་རྒྱལ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཐོབ་དཀའ་བའི་རྒྱལ་ཁར་རྟེན་འབྲེལ་ཞུས་ནས། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་ལག་རྡང་མཉམ་སྦྲེལ་སྒོས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད་པར་བསྟན།

ཝང་དབྱི་དང་ཕིན་ཆིན་ཧྭ་མཇལ་འཕྲད་ལ་ཞུགས།


  • 顶