ཞི་ཅིན་ཕིང་གི་རིག་གནས་བརྩེ་བ་ཞེས་པ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་འཕྲིན་སྦྱོར་གཙོ་བོའི་ཐོག་ཏུ་གཏོང་འགོ་བརྩམས།

2025-08-26
302

  ༢༠༢༥ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་འཛོམས་གྲོས་ཚོགས་འཚོག་རན་པའི་སྐབས་དང་བསྟུན་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཕབ་སྐྲུན་བྱས་པའི་ཆེད་སྒྲིག་ལེ་ཚན་ཞི་ཅིན་ཕིང་གི་རིག་གནས་བརྩེ་བ་ཞེས་པ་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་འཕྲིན་སྦྱོར་གཙོ་བོའི་ཐོག་གཏོང་འགོ་བརྩམས་པའི་བྱེད་སྒོ་དེ་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་པེ་ཅིན་དུ་སྤེལ་འགོ་ཚུགས། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞར་པ་ཚི་ཡིས་ཤིས་འཕྲིན་སྤྲིངས་ནས།  ལེ་ཚན་གཏོང་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

  ཞི་ཅིན་ཕིང་གི་རིག་གནས་བརྩེ་བ་ཞེས་པའི་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་འཛིན་སྐྱོང་དང་འཕེལ་རྒྱས་ལ་ཐུགས་དགོངས་ཟབ་མོ་བཞད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བདམས་ཡོད་ལ།  རྒྱལ་སྤྱིའི་ལྟད་མོ་བ་རྣམས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཉིང་བཅུད་སྙིང་དོན་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་འདུ་ཤེས་ཀྱི་རིག་གནས་རྨང་གཞི་བརྟན་པོ་གསལ་བཤད་གནང་ཡོད་ཅིང་།  རིག་གནས་དར་ན་རྒྱལ་དབང་དར་བ་དང་། རིག་གནས་སྟོབས་ན་མི་རིགས་སྟོབས་པའི་རིན་ཐང་འགྲེལ་བརྗོད་ཟབ་མོ་གནང་ཡོད།  ལེ་ཚན་ནང་ཞི་ཅིན་ཕིང་གིས་ཕྱག་ལས་གནང་མྱོང་བའི་ས་ཁུལ་དང་གཟིགས་ཞིབ་གནང་ས་རུ་བསྐྱོད་ནས་ཁོང་དང་མཉམ་དུ་ཕྱག་ལས་མཛད་པའི་མི་སྣ་ལ་བཅར་འདྲི་བྱས་ཏེ། གསོན་ཉམས་ལྡན་པའི་མཛད་འཕྲིན་གསལ་པོའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོས་དཔལ་ཡོན་ཁུངས་འདེད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཕྱོགས་ཀྱི་ལག་ལེན་འབད་བརྩོན་གསལ་པོར་མངོན་ཡོད་ལ།  ཀྲུང་ཧྭའི་རིག་གནས་ཀྱི་ཁུངས་རིང་བའི་ལོ་རྒྱུས་དང ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཁྱད་ཆོས་དང་། ལེགས་ཆ་སྡུད་པའི་ཐུགས་དགོངས་ཡངས་པོ་ལེགས་པར་མངོན་ཡོད་པ་རེད། ཚེས་ཉེར་ལྔ་ཉིན་ནས། ཨུ་རུ་སུ་དང་ཧ་སག་སི་ཐན།ཁེར་གྷི་སི་ཐན།ཕ་ཁེ་སི་ཐན།དབྱི་རན་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་འཕྲིན་སྦྱོར་གཙོ་བོས་སྒྲོག་གཏོང་མགོ་ཚུགས་པ་རེད།


  • 顶