དེ་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་མཐོའི་སྒོ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞིའི་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རང་རྒྱལ་གྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་དེ་གཞི་ཁྱོན་དང་ལག་རྩལ་སོགས་ཀྱི་ཐད། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།2025ལོར་ཟླ་6པའི་ཟླ་མཇུག་བར་དུ། 5Gརྨང་གཞིའི་ས་ཚིགས་བསྡོམས་འབོར་ཁྲི་455ཟིན་པ་དང་། ཀྲའོ་སྟོང་དྲ་བ་སྤྱོད་མཁན་དུད་ཚང་དུང་ཕྱུར་2.26ཟིན་པ། རྩིས་རྒྱག་ནུས་པའི་སྤྱིའི་གཞི་ཁྱོན་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
གྲངས་གཞི་ཐོན་ལས་གོང་འཕེལ་གྱི་གྲུབ་འབྲས་མངོན་གསལ་དོད་པ། རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས། ལོ་མང་རིང་རྒྱུན་མཐུད་འགག་སྒྲོལ་བྱས་པ་བརྒྱུད། རང་རྒྱལ་གྱིས་གྲངས་འཛིན་ཁྱབ་ཁོངས་ནང་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་བྱུང་ནས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་ཡོད་ཅེས་གསུངས་ཡོད།
རྒྱལ་ཁབ་གྲངས་གཞི་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཞིབ་འཇུག་གྲངས་གཞིར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་གྲངས་གཞིའི་ཁེ་ལས་ཀྱི་གྲངས་འབོར་ཁྲི་40ལས་བརྒལ་བ་དང་གྲངས་གཞིའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.86ཟིན་པ་དེ། ལོ་ལྔ་ཚན་འཆར་འགོད་བཅུ་གསུམ་པའི་དུས་མཇུག་ལས་117%འཕར་བ་དང་། སྔོན་དཔག་བྱས་ན་འབྱུང་འགྱུར་ལོ་ཤས་ནང་སྔར་བཞིན་འཕར་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག དུས་སྐབས་ཤིག་རིང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ནང་གི་དཔེ་དབྱིབས་མང་ཆེ་བས་སྤྱོད་པའི་རྒྱ་ཡིག་གི་གྲངས་གཞི་བསྡུར་ཚད་60%ལས་བརྒལ་བ་དང་དཔེ་དབྱིབས་ལ་ལ་80%ཟིན་ཡོད། རྒྱ་ཡིག་གི་སྤུས་ཚད་མཐོ་བའི་གྲངས་གཞི་གསར་སྤེལ་དང་འདོན་སྤྲོད་ནུས་པ་མུ་མཐུད་དུ་ཇེ་མཐོར་སོང་བས། རང་རྒྱལ་གྱི་དཔེ་དབྱིབས་ནུས་པ་མགྱོགས་མྱུར་ངང་ཇེ་མཐོར་ཕྱིན་ཡོད་ཅེས་གསུངས་པ་རེད།
དམངས་འཚོ་འགན་ལེན་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། གྲངས་འཛིན་ཞབས་ཞུས་མང་ཚོགས་དེ་བས་མང་བར་ཕན་པ་བསྐྲུན།
འབྲེལ་ཡོད་འགན་འཁུར་བས། མིག་སྔར་རང་རྒྱལ་གྱི་དྲ་དམངས་ཀྱི་གྲངས་འབོར་དུང་ཕྱུར་11.23ཟིན་པ་དང་དྲ་སྦྲེལ་ཁྱབ་ཚད་79.7%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། སྡེ་ཚན་ཁག་དང་ས་ཁུལ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྤྱོད་ཆོག་པ་དང་སྤྱོད་ཐུབ་པ། ཡག་པོ་སྤྱོད་པ་བཅས་ཀྱི་གྲངས་འཛིན་ཞབས་ཞུ་དེས་མང་ཚོགས་དེ་བས་མང་བར་ཕན་པ་བསྐྲུན་ཡོད།
རིག་ནུས་སྨན་བཅོས་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་ཚད་མགྱོགས་སུ་བཏང་བ་དང་། རྒྱལ་ཡོངས་ཀྱི་དྲ་སྦྲེལ་སྨན་ཁང་གི་ལོ་རེའི་ཞབས་ཞུའི་གྲངས་འབོར་མི་ཐེངས་དུང་ཕྱུར་1ལས་བརྒལ་བ་དང་།རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཨང་གྲངས་སྤྱོད་མཁན་མི་ཐེངས་དུང་ཕྱུར་12ལས་བརྒལ་བ། ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་ན་ཐད་ཀར་བསྡོམས་རྩིས་རྒྱག་པའི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་མི་ཐེངས་དུང་ཕྱུར་5.6ཟིན་ཡོད།
རྒྱལ་ཡོངས་ཀྱི་མི་དུང་ཕྱུར་10.7གྱིས་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་བླངས་ནས་མི་འབོར་བརྒྱ་ཆའི་75ཡན་ཁེབས་ཡོད།
•. རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་རིག་ནུས་སློབ་གསོའི་སྟེགས་བུ་བསྐྲུན་ཟིན་པ་དང་། མུའུ་ཁེ་སྟེ་གཞི་ཁྱོན་ཆེ་བའི་སྒོ་ནས་དྲ་ཐོག་སློབ་ཚན་སྒོ་འབྱེད་པ་དང་། འཛུགས་སྐྲུན་གྱི་གྲངས་འབོར་དང་བཀོལ་སྤྱོད་ཀྱི་གཞི་ཁྱོན་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
རྒྱལ་ཡོངས་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ལེགས་འགྲུབ་བྱུང་ཚད་100%ཟིན་པ་དང་། གྲངས་འཛིན་མཚེ་མ་དང་ཡུལ་དངོས་འདྲ་བཟོ་སོགས་ལག་རྩལ་གསར་པ་སྤྱད་དེ་ལོ་ངོ་སྟོང་གི་ཤེས་དཔལ་"ལག་པས་རེག་ཐུབ་པ་"བྱུང་ཡོད།
ད་ལོ་གྲངས་གཞིའི་བདག་དབང་སོགས་ལམ་ལུགས་ཁག་10ལྷག་ཙམ་འདོན་རྒྱུ་ཡིན་པ།
རང་རྒྱལ་གྱིས་ན་ནིང་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་སྲིད་ཇུས་21བཏོན་པ་དང་། འདི་ལོ་ད་དུང་གྲངས་གཞིའི་ཐོན་དབང་སོགས་ལམ་ལུགས་10ལྷག་ཙམ་བཏོན་ནས། གྲངས་གཞིར་དམིགས་ཏེ་གཅིག་སྡུད་མཉམ་སྤྱོད་དང་གསར་སྤེལ་བེད་སྤྱོད་བྱེད་པའི་གྲངས་གཞིའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་དར་རྒྱས་འགྲོ་བཞིན་ཡོད་པ་དང་། ཚད་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་བཏོན་པས། གྲངས་གཞིའི་ཉོ་ཚོང་ཉིན་བཞིན་འཁྲུག་ཏུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་གྲངས་གཞིའི་ཁྲོམ་ར་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།
འཕྲིན་སྟེགས། weikangba