དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད་བྱེད།

2025-08-11
363

  ད་ལོ་ནས་བཟུང་། ས་གནས་ཁག་གིས་ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་ཇེ་མགྱོགས་བཏང་ནས། ཞིང་ལས་ཕན་ནུས་ཇེ་མང་དང་ཞིང་སྡེའི་གསོན་ཤུགས་ཇེ་ཆེར་གཏོང་ཞིང་ཞིང་པའི་ཡོང་འབབ་ཇེ་མང་བཏང་དང་གཏོང་བཞིན་ཡོད། ཁྱེར་འཕྲིན་གཅིག་གིས་ཞིང་ས་མུའུ་སྟོང་ཕྲག་ལྷག་དོ་དམ་བྱེད་ཐུབ་ཅིང་། ཞིང་པའི་ཐད་གཏོང་ཐེངས་ཤིག་གིས་གྲོང་ཚོའི་ཞིང་ལས་ཐོན་རྫས་དེ་དག་ས་ཐག་རིང་པོར་བཙོང་བ། གཞི་གྲངས་གྲོང་ཚོ་རུ་བསྐྱོད་པས་དོན་དག་མང་པོ་གྲོང་ཚོའི་ནང་ནས་སྒྲུབ་ཆོག་གི་ཡོད་པ་རེད། ཨང་ཀིའི་ཐོན་ལས་དང་ཨང་ཀིའི་བཅོས་སྐྱོང་། ཨང་ཀིའི་དམངས་ཕན་སོགས་ཨང་ཀིའི་ལག་རྩལ་གྱིས་ཀྲུང་གོའི་ཞིང་སྡེའི་ཐོན་སྐྱེད་དང་འཚོ་སྐྱེལ་ནུས་པར་འགྱུར་ལྡོག་ཆེན་པོ་་གཏོང་བཞིན་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་ལ་མཐོང་ཆེན་གནང་བཞིན་ཡོད་དེ། ཁོང་གིས་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འགག་སྒྲོལ་བྱེད་ས་གཙོ་བོར་གཙིགས་སུ་འཛིན་ནས། ཞིང་ལས་ཐོན་སྐྱེད་རིག་ནུས་ཅན་དང་ཚོང་གཉེར་དྲ་བ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཟོང་འདྲེན་དྲ་བ་དང་གཞི་གྲངས་ཆེན་པོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་དགོས་ཞེས་ནན་གསུང་གནངས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཡག་པོ་སྤྱོད་པ་དང་། གྲོང་ཚོ་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱས་ནས། གྲོང་ཚོའི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས་ཡོད།

  དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱ་དོན་འཁྱོལ་བྱེད་ཆེད། ཨང་ཀིའི་གྲོང་ཚོ་དེ་༢༠༡༨ལོ་ནས་བཟུང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་བྲིས་ཡོད་ནས། སྔ་རྗེས་སུ་ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་གསལ་སྟོན་གཅིག་ཚེག་ཐིག་དང་གཉིས་ཚེག་ཐིག་བཏོན་པས། རང་རྒྱལ་གྱི་ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་གི་སྒྲོམ་གཞིར་ཆགས་ཡོད། མིག་སྔར། རང་རྒྱལ་གྱིས་སྲིད་འཛིན་གྲོང་ཚོ་ཚང་མ་རུ་སྐུད་མེད་དྲ་བ་འདྲེན་ཡོད་པ་དང་། བརྡ་འཕྲིན་རབས་ལྔ་པ་ཁྱབ་ཚད་བརྒྱ་ཆའི་དགུ་བཅུ་ཡན་ལ་ཟིན་དགོས་ཡོད་ཅིང་། གྲོང་ཚོའི་དྲྭ་ཞུགས་མི་སེར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གཉིས་ལ་ཟིན་ཡོད། དེ་མིན་བྱང་སྐར་འཁོར་སྐར་གྱི་ཕྱོགས་སྟོན་མ་ལག་དང་ངོས་འཛིན་ཚད་མཐོ་ཅན་གྱི་ས་ངོས་ལྟ་སྐུལ་ཚད་ལེན་མ་ལག་སོགས་གཞི་གྲངས་དྲ་བ་ཆེན་པོ་ཁག་གཅིག་འཛུགས་སྐྱོང་བྱས་ནས། ཨང་ཀིའི་གྲོང་ཚོ་འཛུགས་སྐྱོང་ལ་ལག་རྩལ་གྱི་མཐུན་རྐྱེན་བསྐྲུན་ཡོད།

  ད་ལོར། ཨང་ཀིའི་གྲོང་གསེབ་འཛུགས་སྐྲུན་སྔར་བས་ཇེ་མགྱོགས་བཏང་ཡོད་དེ། ཟླ་བ་གསུམ་པར་ཀྲེ་ཅང་དང་ཨན་ཧུའེ། ཧྥུའུ་ཅན། ཧོ་ནན། ཁྲུང་ཆིང་། སི་ཁྲོན་སོགས་གཙོ་གནད་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱིས་ཨང་ཀིའི་གྲོང་གསེབ་འཛུགས་སྐྱོང་ལས་ཞིང་པ་དར་རྒྱས་དང་ཞིང་པའི་ཕན་བདེ། ཞིང་པ་འབྱོར་ཕྱུག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། ཟླ་བ་ལྔ་པར། ༢༠༢༥ལོའི་ཨང་ཀིའི་གྲོང་གསེབ་འཕེལ་རྒྱས་ཀྱི་ལས་ཀའི་རྩ་གནད་ཁྱབ་བསྒྲགས་བྱས་ཡོད། ད་ལོའི་ལོ་སྟོད། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་གློག་རྡུལ་ཚོང་དོན་ཉོ་ཚོང་ཚད་བརྒྱ་ཆའི་བཅུ་བདུན་ཚེག་གཉིས་འཕར་ཡོད་པ་དང་། འཕར་སྣོན་བྱུང་རྐྱེན་ནི་རྒྱལ་ཡོངས་ཀྱི་གྲོང་ཚོ་རིམ་པའི་སྦྲག་སྐྱེལ་ཟོང་འདྲེན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འབུམ་གསུམ་ལྷག་བཙུགས་ནས། ཨང་ཀིའི་གྲོང་གསེབ་འཛུགས་སྐྱོང་དང་། གྲོང་ཚོའི་གློག་རྡུལ་ཚོང་དོན་ཐོན་ལས་མ་ལག་དར་རྒྱས་བཏང་བས་རེད། འདི་ནི་སི་ཁྲོན་ཚང་ཞི་རྫོང་ཞིན་ཧྭ་གྲོང་ཚོ་ཡིན་ལ། ད་ལྟར། དྲྭ་སྐུད་གཅིག་དང་ཁ་པར་གཅིག་ལས་རི་ཁུལ་གྱི་གྲོང་ཚོ་འདི་འཛམ་གླིང་དང་ཐག་ཇེ་ཉེར་བཏང་ཡོད། གྲོང་ཚོའི་ནང་གི་ཁྱད་ལྡན་ཐོན་ལས་ཤིང་ཏོག་ལི་ཐད་གཏོང་བྱས་ནས་རྒྱལ་ཡོངས་སུ་འཚོང་བཞིན་ཡོད། དེ་མིན་ཚང་ཞི་རྫོང་ཡོངས་ལ་མཚོན་ན། ད་ལྟར་གཞི་རྩའི་ཆ་ནས་གྲོང་ཚོ་ཚང་མ་ལ་བརྙན་ལེན་ཤེས་མཁན་དང་། ཐད་གཏོད་བྱེད་ཤེས་མཁན་གྱི་གྲོང་ཚོའི་ཨང་ཀིའི་གྲོང་དཔོན། ཐོན་རྫས་འཚོང་མཁན་སོགས་ཡོད་ལ། ད་དུང་ཐོན་རྫས་འདེམས་པ་དང་འདོན་སྤྲོད། ཕྱིར་འཚོང་རྗེས་ཀྱི་ཞབས་ཞུ་སོགས་ཞིང་པ་གསར་པ་སྐོར་ཞིག་ཡོད་པ་རེད།

  ཨང་ཀིའི་གྲོང་གསེབ་ལ་ཨང་ཀིའི་བཅོས་སྐྱོང་བྱེད་ཀྱི་ཡོད། ད་ལྟར། མི་སེར་ཚོས་དོན་དག་མང་པོ་ཞིག་ཕྱི་ལ་འགྲོ་མི་དགོས་པར་གྲོང་ནང་སྒྲུབ་ཐུབ་ལ། ཀྲེ་ཅང་ཁྲང་ཞིན་རྫོང་ཡན་ཐའོ་གྲོང་ཚོར་གྲོང་མི་ཀྲང་ཀྲེ་མེན་གྱིས། སྲིད་དོན་གཞི་གཅིག་གི་འཕྲུལ་ཆས་ཐོག་ནས། སྐར་མ་ལྔའི་ནང་སྨན་བཅོས་འགན་སྲུང་ནང་ཞུགས་ཆ་འཕྲིན་བསྒྱུར་བཅོས་ཀྱི་འགྲོ་ལུགས་སྒྲུབ་ཐུབ་པ་རེད། ན་ནིང་ལས་སྒོ་འདི་ད་དུང་རྒྱུ་ཆ་ཁུར་ནས་རྫོང་ནང་སྒྲུབ་འགྲོ་དགོས། ཀྲེ་ཅང་གིས་ད་ལོར་ཨང་ཀིའི་གྲོང་གསེབ་བཅོས་སྐྱོང་དྲ་རྒྱ་གཅིག་ཅན་སྐུལ་འདེད་མགྱོགས་པོར་བཏང་ནས། ཞིང་ཆེན་རིམ་པའི་ལས་སྒོ་ཁག་དྲ་ཐོག་རེ་ཞུ་རྒྱགས་ཚད་དང་དྲ་ཐོག་སྒྲུབ་ཚད། ཁ་པར་ཐོག་དོན་དག་སྒྲུབ་ཚད། ཐེངས་གཅིག་མ་སོང་ཡང་གྲུབ་ཐུབ་ཚད། རྒྱུ་ཆ་གློག་རྡུལ་ཅན་སོགས་བརྒྱ་ཆའི་བརྒྱ་ཐམ་པ་ལྔ་འགྲུབ་གང་ཐུབ་བྱས་ཏེ། གྲོང་ཚོའི་ནང་གི་མི་དང་གྲོང་ཁྱེར་བའི་མི་ཉིད་ཀྱིས་ཞབས་ཞུ་འདྲ་འདྲ་ལོངས་སྤྱོད་ཐུབ་པར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་བཏང་བ་རེད།

  འཆར་འགོད་ལྟར་ན། ༢༠༣༥ལོར་སླེབས་དུས། ཨང་ཀིའི་གྲོང་གསེབ་འཛུགས་སྐྱོང་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཨང་ཀིའི་བར་ཁྱད་ལྷག་ཇེ་ཆུང་བཏང་ཞིང་། ཞིང་པའི་ཨང་ཀི་ཅན་གྱི་བྱང་ཚད་མངོན་གསལ་མཐོ་རུ་བཏང་བ་དང་བསྟུན། གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་རམ་འདེགས་བྱས་ཏེ། ཞིང་ལས་སྟོབས་ལྡན་དང་གྲོང་གསེབ་མཛེས་སྡུག ཞིང་པ་ཕྱུག་པོ་ཡོང་བར་བྱ་རྒྱུ་རེད།


  • 顶