ཟླ་8པའི་ཚེས་7ཉིན་2025ལོའི་སྐབས་12པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཁྲེང་ཏུའུ་རུ་འགོ་ཚུགས་པ་དང་། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་རྒྱས་འཛོམས་འདིའི་ཁྲོད་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་མཛེས་པའི་གར་སྟབས་དང་སེམས་རྩ་འཁོལ་བོའི་ཞབས་ཞུར་བརྟེན་ནས་ལང་ཚོའི་ཕུགས་འདུན་ལ་འགྲེལ་བརྗོད་གང་ལེགས་བྱས་ཡོད། སློབ་མ་137<<ཅིན་འཐག་གི་མཛེས་ཉམས་>>ཞེས་པའི་ཞབས་བྲོའི་འཁྲབ་སྟོན་ནང་ཞུགས་ཡོད་པ་དང་། སློབ་མ་313སུར་པན་ལྗང་ཁུ་ཞེས་པའི་དང་བླངས་རུ་ཁག་ནང་ཞུགས་ཤིང་། ལང་ཚོའི་མིང་ཐོག་ནས་འཛམ་གླིང་ལ་བཀྲག་མདངས་རབ་ཏུ་འཚེར་བའི་ཁྲེང་ཏུའི་མིང་བྱང་བརྒྱུད་སྤྲོད་བྱས་ཡོད།

འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ཞབས་བྲོ་ཆེ་གྲས<<ཅིན་འཐག་གི་མཛེས་ཉམས་>>ཞེས་པ་དེས་ལྟ་ན་སྡུག་པའི་པཱ་ཧྲུའུ་ཤེས་དཔལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་རྔ་དང་དབྱངས། སྙན་ངག མེ་ཏོག་བཅས་གཞི་རྐང་དུ་བྱས་ཏེ། ལོ་ངོ་སུམ་སྟོང་གི་གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་དེ་ཞབས་བྲོའི་སྟངས་སྟབས་བརྒྱུད་གཟིགས་མོ་བ་ཚོར་སྤྱན་འབུལ་ཞུས་ཡོད།

གར་སྟེགས་ཕུད། འགྲན་རའི་གྲུ་ཟུར་ཁག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་“སུར་པན་ལྗང་ཁུ”313གྱི་བྲེལ་བ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོ་ནི་འགྲན་རའི་ནང་གཞན་ལ་ལམ་སྣེ་ཁྲིད་རོགས་བྱེད་མཁན་དང་། འགྲན་དོན་ཁག་བདེ་བླག་ངང་འཁོར་རྒྱུག་བྱེད་དུ་བཅུག་པའི་ལྷུ་ཚིགས་ཆུང་ངུ་དེ་རེད་ལ། ཁྲེང་ཏུའི་སྤྲོ་སེམས་དང་ཁོང་ཡངས་འགྲེལ་བརྗོད་བྱེད་མཁན་གྱི་མགྲིན་ཚབ་པ་ཡང་རེད། ཁོང་ཚོས་དགའ་ཞེན་དང་ཆེད་ལས་ཀྱི་བྱང་ཚད་ལ་བརྟེན་ནས་འགྲན་བསྡུར་ལ་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།

གར་མཁན་137གྱིས་གར་སྟབས་འབྲི་སྨྱུག་ཏུ་འཛིན་ཏེ་པཱ་ཧྲུའུ་ཤེས་དཔལ་གྱི་མཚར་སྡུག་ངོ་མཚར་ལྡན་པའི་དེབ་ཐེར་རིང་པོ་འབྲི་བཞེངས་བྱས་ཡོད་ལ། དང་བླངས་པ་313གྱིས་ལྷག་བསམ་གྱི་མེ་ལྕེ་སྤར་ནས་འགྲན་ཚོགས་རིང་གི་ཞབས་ཞུའི་ལས་དོན་ལེགས་སྒྲུབ་བྱས་ཡོད།

འཕྲིན་སྟེགས། weikangba