སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནས་རྒྱལ་སྐྱོང་སྲིད་འཛིན་གནང་བའི་སྐོར་གྱི་དངོས་ཟིན།

2025-08-08
278

  འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་རྣམ་པ་ཇེ་མགྱོགས་ཕྱིན་བཞིན་པས།བློ་སྒམ་པོས་འགན་ཟླ་ལས་ཞི་བ་བྱས་ནས་བརྩེ་བ་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས། ད་ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་སྣེ་ཁྲིད་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལག་བསྟར་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ཕན་ཚུན་རོགས་འདེགས་དང་། ཕན་ཚུན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལེའུ་གསར་བ་རྒྱུན་ཆད་མེད་པར་བཀོད་ཡོད། མུ་འབྲེལ་སྒྲོག་གཏོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནས་རྒྱལ་སྐྱོང་སྲིད་འཛིན་གནང་བའི་སྐོར་གྱི་དངོས་ཟིན་ལེ་ཚན་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཆེད་དུ་སྔར་བས་འོད་སྟོང་ལྡན་པའི་མ་འོངས་པ་བརྩོན་ལེན་བྱེད་དགོས་ཞེས་པ་དེ་ཚེས་བདུན་ཉིན་བཏང་བ་རེད།

  ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཝེད་ནམ་ཧོ་ནེ་ནས་ཆེད་གཏོང་གནམ་གྲུ་ནེ་ཕེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་བསྟུན་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་ཐེངས་དང་པོའི་འགོ་བརྩམས་ཤིང་། དཔྱིད་མཇུག་ཏུ། ཞི་ཀྲུའུ་ཞི་ཡིས་གདན་ཞུས་ལྟར་ཝེད་ནམ་དང་། མ་ལེ་ཞི་ཡ། ཁམ་བྷོ་དི་ཡ་བཅས་ཨེ་ཤ་ཡ་ཤར་ལྷོའི་ཁྱིམ་མཚེས་མཛའ་མཐུན་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་།

  ད་ལོ་ནི་ཀྲུང་གོ་དང་ཝེད་ནམ་བར་ཕྱི་འབྲེལ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལེན་གཉིས་ཀྱིས་ལོ་གཅིག་རིང་ཕན་ཚུན་འཚམས་འདྲི་གནང་བ་དེས། ཀྲུང་གོ་དང་ཝེད་ནམ་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་མཐོན་པོ་མཚོན་ཡོད། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཇེ་མགྱོགས་སུ་འཛུགས་པ་དང་། མཉམ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དག་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་ཁྲོད་འཕེལ་རྒྱས་སྔར་བས་ཇེ་ཆེར་འགྲོ་བར་ཤུགས་འདོན་རྒྱུ་ཐག་གཅོད་པར་དགོངས་འཆར་གཅིག་མཐུན་བྱུང་ཡོད།

  མ་ལེ་ཞི་ཡ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་ཤར་ལྷོར་ཕེབས་པའི་ས་ཚིགས་གཉིས་པ་དེ་ཡིན་ལ། ཐེངས་འདིའི་འཚམ་འདྲིའི་གྲུབ་འབྲས་གལ་ཆེ་ཤོས་ནི། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་བ་དེ་རེད། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་མཉམ་ལས་ཀྱིས་སྔར་བས་ངོ་མཚར་ཆེ་བའི་རྫོགས་ལྡན་གྱི་ལོ་ལྔ་བཅུ་རྗེས་མའི་འགོ་བརྩམས་ཡོད།

ཨེ་ཤ་ཡ་ཤར་ལྷོ་ལ་བསྐྱོད་པའི་ས་ཚུགས་ཆེས་རྗེས་མ་དེ་ཁམ་བྷོ་དི་ཡ་ཡིན་པ་རེད། ཁམ་བྷོ་དི་ཡ་རུ་འཚམས་འདྲི་ཕེབས་སྐབས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་པས་ཀྲུང་གོ་དང་ཁམ་བྷོ་དིའི་བར་གྱི་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་ཀུན་དུ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པར་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་ཀྲུང་གོས་ཕྱོགས་གཉིས་ཀྱི་ངོས་ནས་དུས་རབས་གསར་པའི་དུས་ཧྲིལ་པོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཐོག་མར་འཛུགས་པ་དེ་ཡིན་པ་རེད།

  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་བ་ནི་ད་ལོར། འགོ་ཁྲིད་ཀྱིས་རྒྱལ་དོན་འཚམས་འདྲི་ཕེབས་པའི་ཕྱག་ལས་དང་པོ་ཡིན་ལ། འཛམ་གླིང་ལ་ལྟ་བའི་མིག་རྒྱང་གིས་ཉེ་འཁོར་ལ་གཟིགས་ཞིབ་མཛད་ནས་མཐའ་འཁོར་རྒྱལ་ཁབ་དང་ཕྱི་འབྲེལ་འཛུགས་པར་བརྟེན་འཛམ་གླིང་ཡོངས་ལ་སྙན་གྲགས་ཁྱབ་པའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། ཐེངས་འདིའི་འཚམས་འདྲིར་མ་ཕེབས་སྔོན་གྱི་ཉིན་འགའི་རིང་ཀྲུང་དབྱང་མཐའ་སྐོར་ལས་ཀའི་ཚོགས་འདུ་དེ་པེ་ཅིན་ནས་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཅིན་ཕིང་ཚོགས་འདུའི་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁོང་གིས་མཐའ་སྐོར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་དམིགས་ནས་མཐའ་སྐོར་གྱི་ལས་ཀའི་རྣམ་པ་གསར་པ་བསྐྲུན་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད།

  ཀྲུང་གོ་དང་ཨེ་ཤ་ཡའི་དབུས་མ་རྒྱལ་ཁབ་བར་རི་དང་ལུང་འབྲེལ་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་གནས་ཡོད། ད་ལོའི་ཟླ་བ་དྲུག་པར། ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་རྩེ་འཛོམས་གྲོས་ཚོགས་ཐོག་ཕེབས་ཡོད། རྩེ་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དང་པོར་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས་ཞེས་པར་དགོངས་འཆར་བཏོན་ཞིང་འགྲེལ་བཤད་ཞིབ་ཚགས་གནང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས་ཁྲིད་སྟོན་བྱེད་པ་དང་། སྔར་བས་ཡར་བརྩོན་གྱི་རྣམ་པ་དང་སྔར་བས་དོན་གཉེར་གྱི་བྱེད་ཐབས་བཏོན་ནས་མཉམ་ལས་ཇེ་དྲག་བཏང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་སྟེ།ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་དམིགས་འབེན་དོན་དུ་འབད་པ་ཆེན་པོས་མདུན་དུ་བསྐྱོད་དགོས་ཞེས་གསུངས་པ་རེད།

  ཨ་སི་ཐ་ན་རུ་ཉིན་གཉིས་བཞུགས་པའི་རིང་།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་བྱེད་སྒོ་བཅུ་ལྷག་གི་ནང་ཞུགས་ནས་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་གླེང་ཞིང་མཉམ་དུ་མཉམ་ལས་ཀྱི་ཇུས་ཆེན་བཀོད་པ། མཉམ་དུ་འཕེལ་རྒྱས་ཀྱི་འཆར་འགོད་བཅས་མཛད་ནས་མཉམ་ལས་གྲུབ་འབྲས་བརྒྱ་ལྷག་ལ་གྲོས་འཆམ་བྱུང་ཡོད་པ་རེད།

ལོ་མགོར་འཚོགས་པའི་ཧར་ཨེར་པིན་གྱི་སྐབས་དགུ་པའི་ཡ་གླིང་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་འཁྱག་རྒྱས་ཚོགས་ནས་དཔྱིད་ཀར་འཚོགས་པའི་ཀྲུང་དབྱང་གི་མཐའ་སྐོར་ལས་ཀའི་གྲོས་ཚོགས་བར་དང་། བསྟུད་མར་ཐེངས་གསུམ་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པ་ནས། སྔ་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འཚམས་འདྲིར་ཕེབས་པ་བཅས་ལ། ད་ལོ་ནས་བཟུང་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱིས་ངོ་མཚར་་བྱས་རྗེས་དུ་མ་བཞག་ཡོད།  ཀྲུང་དབྱང་ཏང་གི་སློབ་གྲྭ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲའོ་ལེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཉེ་འཁོར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལ་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། སྐུ་དངོས་ཀྱིས་མཛུབ་ཁྲིད་དང་། བྱ་གཞག་གལ་ཆེན་དང་དོན་ཚན་གལ་ཆེན། དོན་དག་གལ་ཆེན་བཅས་ལ་སྐུ་དངོས་ཀྱིས་སྐུལ་འདེད་དང་སྐུ་དངོས་ཀྱིས་འཆར་འགོད། སྐུ་དངོས་ཀྱིས་བཀོད་སྒྲིག་བཅས་གནང་ཡོད། ད་ལྟ་ཀྲུང་གོ་དང་ཉེ་འཁོར་རྒྱལ་ཁབ་ཀྱི་འབྲེལ་བ་ནི་ཉེ་རབས་ཚུན་གྱི་ཆེས་ལེགས་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ལ་སླེབས་ཡོད་ཟེར་ཆོག། འཛམ་གླིང་ཡོངས་ལ་ཞི་བདེ་དང་འཕེལ་རྒྱས། བརྟན་བརླིང་། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གང་ལ་ཡང་ཚུལ་བཟང་པོ་ཞིག་སྟོན་གྱིན་ཡོད་པ་དེ་དག་རྒྱལ་ཁབ་སོ་སོའི་ཐུན་མོང་གི་རེ་འདུན་དུ་གྱུར་ཡོད། ཀྲུང་གོ་འཇིགས་སྐུལ་མ་ཡིན་པར་ཀུན་ཕན་གྱི་གོ་སྐབས་ཡིན་ལ། ཀྲུང་གོ་ནི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་རེད་ཟེར།

  ལོ་ངོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་མོའི་བར་གྱི་འགྲིག་མཐུན་དང་སྤེལ་རེས་ཡག་མོར་འབད་བཞིན་ཡོད་པ་དང་། ཞི་བདེ་མཉམ་གནས་དང་། སྤྱི་ཁྱབ་བརྟན་བརླིང་། དོ་མཉམ་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་གནས་བབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་རེད། ད་ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འཐབ་ཇུས་འབྲེལ་གཏུགས་ཟབ་མོ་གནང་སྟེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ཛ་དྲག་ཆེ་བའི་ལོ་བརྒྱའི་འཕོ་འགྱུར་ཁྲོད་ནས་བརྟན་པོའི་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་གནང་བ་རེད། ཟླ་བ་ལྔ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།

  ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡག་མོ་འཛུགས་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མདུན་ལམ་དང་ལས་དབང་ལ་ཡང་འབྲེལ་བ་ཡོད་པས། ད་ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་ཁ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་ལང་ཕུའུ་དང་ཞལ་པར་བཏང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་མོའི་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་བསྒྱུར་དགོས་ན། ང་ཚོས་ཁ་ལོ་ཡག་མོ་བསྐོར་བ་དང་། ཁ་ཕྱོགས་ཡག་མོ་གཏན་འཁེལ་བྱ་དགོས། ཁྱད་པར་དུ་འགལ་རྐྱེན་དང་ཐ་ན་གཏོར་བརླག་ཡོད་ཚད་སེལ་རྒྱུ་ནི་ལྷག་ཏུ་གལ་ཆེ་བ་རེད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་མཉམ་ཕན་ཡིན་ཞིང་། ཁ་གཏད་འགལ་ཟླ་ནི་ང་ཚོའི་གདམ་གསེས་སུ་འགྱུར་མི་འོས་པས། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེའི་རྩ་དོན་ལ་དམིགས་ནས། མཉམ་ལས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་ཕན་པའི་དོན་ཆེན་དང་དོན་དངོས། དོན་བཟང་མང་ཙམ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་འཐབ་ཇུས་འབྲེལ་འདྲིས་ཐབས་ལམ་འཛུགས་པར་མོས་མཐུན་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་རྒྱུན་ལྡན་ཅན་གྱི་འབྲེལ་བ་བྱེད་པ་དང་། ཕྱོགས་གཉིས་ཀའི་ཚོགས་པས་མུ་མཐུད་དེ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པའི་བར་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པར་མོས་མཐུན་བྱུང་བ་རེད།

  ཡོ་རོབ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཡིན་ལ། སྔར་ལས་སྐྱོན་བྲལ་དང་སྔར་ལས་བརྟན་བརླིང་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ནི་ཕྱོགས་གཉིས་ཀའི་རྩ་བའི་ཁེ་ཕན་དང་བསྟུན་ལ་འཛམ་གླིང་ཡོངས་ཀྱིས་རེ་སྒུག་བྱ་ཡུལ་ཀྱང་རེད།

  ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་རེད། ཟླ་བ་བདུན་པའི་ཚེས་ཉེར་བཞི་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུང་གོར་ཕེབས་ནས་ཐེངས་ཉེར་ལྔ་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ནང་ཞུགས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐར་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨུན་དང་ཐུག་འཕྲད་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་ལྟ་བ་གསུམ་བཏོན་ཡོད་དེ། གཅིག་ནི་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་བྱས་ནས་རོགས་ཟླའི་འབྲེལ་བའི་གོ་གནས་སྲ་བརྟན་གཏོང་དགོས། གཉིས་ནི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འགལ་བ་ཐག་གཅོད་འོས་འཚམ་བྱེད་དགོས། གསུམ་ནི་སྣ་མང་རིང་ལུགས་ལག་བསྟར་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིལ་ལམ་སྲུང་སྐྱོང་བྱེད་དགོས་པ་བཅས་བཏོན་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་ཐད་བཏོན་པའི་ལྟ་བ་གསུམ་ནི་ཧ་ཅང་གལ་ཆེན་ཡིན་པས། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་རྗེས་མའི་ལོ་ལྔ་བཅུར་སྔར་ལས་མཚར་སྡུག་བཀྲ་བའི་གྲུབ་འབྲས་གཏོད་དགོས་ཞེས་གསུངས།

 ལོ་ངོ་བརྒྱ་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་འཕྲད་དུས། འཛམ་གླིང་གིས་དུས་སྐབས་སྔོན་མ་གང་རུང་ལས་ཀྱང་སྣ་མང་རིང་ལུགས་ཧ་ཅང་མཁོ། ཟླ་བ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་སྐུ་ཚབ་དང་ཐུག་འཕྲད་གནང་སྐབས་སྣ་མང་རིང་ལུགས་ནི་འཛམ་གླིང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་གདམ་ག་ཡིན་པས། ཀྲུང་གོས་བདེན་པ་བདེན་ཐུབ་ཀྱི་སྣ་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱེད་པར་འབད་བཞིན་ཡོད་ཅེས་གསུངས། ཟླ་བ་བཞི་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནམ་ཟླ་དང་དྲང་བདེན་ལུགས་བསྒྱུར་འགོ་ཁྲིད་མི་སྣའི་གཟུགས་ལམ་རྩེ་འཛོམས་གྲོས་ཚོགས་ལ་ཤིས་ཚིག་ཕུལ་ཞིང་། སྣ་མང་རིང་ལུགས་བརྟན་སྲུང་བྱེད་པ་དང་། ཕྱོགས་མང་བཅོས་སྐྱོང་ལ་བརྟེན་ནས་ནམ་ཟླའི་ཉེན་ཁར་མཉམ་དུ་ཁ་གཏད་འཇལ་དགོས་ཞེས་ནན་གྱིས་བསྟན།

  ད་ལོ་ནས་ཀྲུང་གོས་དུས་ནམ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྣ་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ལྷུང་བཙན་ཤེད་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། སྣ་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་སྐྱོད་ཀྱི་བགྲོད་ལམ་གསལ་དུ་འཇུག་དགོས།མིག་སྔར། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་དུ་འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཡིན་ལ། དུས་དང་རྣམ་པ་ཀུན་དུ་འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དར་རྒྱས་ལ་འབད་པ་རེད། ད་ལོའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་བྱེད་པའི་གྲོས་འགོ་གང་ལེགས་བཏོན་པ་དང་། སྔར་བས་འདྲ་མཉམ་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུ་སྐུལ་འདེད་བཏང་བ་རེད།

  ཟླ་བ་ལྔ་པར། ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད། བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཁོང་གིས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཐུན་སྦྱོར་བྱས་ན་འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་ཐུབ་ལ། འཛམ་གླིང་འཕེལ་རྒྱས་འབྱོར་ཕྱུག་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་པ་རེད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་ལག་ལེན་སྟེགས་བུ་གལ་ཆེན་ཡིན། ད་ལོ་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླིང་ལྔ་ནས་ཕེབས་པའི་ཕྱི་རྒྱལ་གྱི་དབུ་ཁྲིད་པ་དང་ཐུག་འཕྲད་གང་་མང་གནང་བ་དང་། རྒྱུད་གཅིག་ལམ་གཅིག་ནི་ཀྲུང་གོའི་དབུ་ཁྲིད་ཀྱི་ཕྱི་འབྲེལ་སྐབས་སུ་གླེང་བ་ཆེས་མང་བའི་ཐ་སྙད་ཡིན་པ་རེད། ཟླ་བ་དང་པོར། ཀྲུའུ་ཞི་ཞི་ལགས་ཀྱིས་སིང་གྷ་ལའི་ཙུང་ཐུང་ཏི་ས་ན་ཡ་ཁེ་དང་གྲོས་མོལ་གནང་སྐབས། ཀྲུང་གོས་སིང་གྷ་ལའི་དཔལ་འབྱོར་འཛུགས་སྐྲུན་ལ་ཁ་ཕྱོགས་ནས། སྤུས་མཐོའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཁྱབ་ཁོངས་མཉམ་ལས་སྐུལ་འདེད་བཏང་ནས། ཁྱད་ཆོས་གསར་པ་གཏོད་པ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་རེད།  ཟླ་བ་བཞི་པར། ཀྲུའུ་ཞི་ཞི་ཡིས་ཁེ་ཉི་ཡའི་ཙུང་ཐུང་ལུའུ་ཐའོ་དང་གྲོས་མོལ་གནང་སྐབས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འོད་དུ་འཚེར་བའི་མིང་བྱང་ཡིན་པས། སྤུས་མཐོའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས་ཞེས་གསུངས་པ་རེད། ཟླ་བ་ལྔ་པར། ཀྲུའུ་ཞི་ཞི་ཡིས་བྷ་རེ་ཟེའི་ཙུང་ཐུང་ལུའུ་ལ་དང་གྲོས་མོལ་གནང་སྐབས། ཀྲུང་གོ་དང་བྷ་རེ་ཟེའི་ལས་དབང་གཅིག་པའི་ཐུན་ཚོགས་པའི་ནང་སྙིང་ཕུན་སུམ་ཚོགས་པར་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ཇེ་ཟབ་གཏོང་བ་དེ་བྷ་རེ་ཟེའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

  ད་ལོའི་རིང་། དབུ་ཁྲིད་པའི་ཕྱི་འབྲེལ་སྣེ་ཁྲིད་འོག ཀྲུང་གོས་རྒྱལ་སྤྱིའི་ས་ཁོངས་གནད་དོན་གལ་ཆེན་ཐད་ཀྱི་ཆབ་སྲིད་ཐག་གཅོད་ནང་ཞུགས་ཤིང་རྒྱལ་ཁབ་ཆེན་པོའི་འགན་ཁུར་བཞིན་ཡོད་པ་ལེགས་པར་མངོན་ཡོད་པ་རེད།རྒྱུན་མཐུད་པའི་ཡུག་རེན་གྱི་ཉམས་ཉེན་ལ་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཞི་བདེར་ཕན་པའི་འབད་པ་ཡོད་ཚད་ལ་དགའ་བསུ་ཡོད་ལ། ཁ་བརྡ་གླེང་མོལ་བྱས་ནས་འདྲ་མཉམ་དང་ཡུན་རིང་། ཚོད་འཛིན་ནུས་པ་ལྡན་ཞིང་དོ་བདག་ཕྱོགས་སོ་སོས་ཁས་ལེན་ཐུབ་པའི་ཞི་བདེའི་གྲོས་མཐུན་ཞིག་བྱུང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  དབུས་ཤར་གྱི་གནས་བབ་ལ་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་གདོང་ཐུག་ནི་གནད་དོན་ཐག་གཅོད་རྒྱུའི་ཐབས་ལམ་མིན་ལ། ས་གནས་ཀྱི་གནས་བབ་ཛ་དྲག་ཏུ་འགྱུར་བ་དེའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མི་མཐུན་པས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འབད་པ་བྱས་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

  འཛམ་གླིང་གི་ལོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་དེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་དོན་གྱིས་ཁྲིད་སྟོན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་དར་ཆ་མཐོན་པོར་སྒྲེང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་ཤེས་རིག་གྲོས་འགོ དེ་མིན་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་བཅས་ལག་ལེན་བསྟར་ཏེ། འཕེལ་ཕྱོགས་ཆེན་མོར་ཇུས་འགོད་དང་ལས་འགན་ཆེན་མོ་ཕྲག་ཏུ་འཁུར་བ། བགྲོད་ལམ་ཆེན་པོའི་ཐོག་བསྐྱོད་ནས། ཀྲུང་གོའི་སྤུས་མཐོའི་འཕེལ་རྒྱས་ལ་ཕྱི་ཕྱོགས་ཀྱི་ཁོར་ཡུག་ཡག་མོ་སྐྲུན་ཡོད་པ་དང་།ཟིང་ཟིང་རྙོག་དྲ་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་གི་དགེ་མཚན་ཆེན་པོ་འདོན་དགོས།

  • 顶