གཟིགས་དང་། ཁྱེད་རང་གི་གླ་ཕོགས་གཅོག་ཆོག་གི་མི་འདུག

2025-08-06
334

  ཉིན་ཤས་གོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་༼སྤྱི་ལོ་2025ལོའི་ཚ་དྲོད་ཆེ་བའི་གནམ་གཤིས་འོག་ལས་ཀ་བྱེད་མཁན་གྱི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ༽ཞེས་པ་པར་འགྲེམས་བྱས་ནས།  ལས་མི་བེད་སྤྱོད་བྱེད་མཁན་ཚན་པ་ཁག་གིས་ཚ་དྲོད་ཆེ་བའི་གནམ་གཤིས་འོག་ངལ་རྩོལ་པར་ཚ་དྲོད་ཆེ་བའི་གནམ་གཤིས་འོག་ཕྱི་རོལ་གྱི་ལས་ཀའི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་ངལ་རྩོལ་པར་དུས་ཐོག་ཏུ་ཚ་དྲོད་ཆེ་བའི་དུས་མཚམས་ཀྱི་གླ་ཕོགས་སྣོན་སྤྲོད་དགོས་པ་ལས། ཚ་དྲོད་ཆེ་བའི་གནམ་གཤིས་དབང་གིས་ལས་མཚམས་འཇོག་པ་དང་། ལས་ཀའི་དུས་ཚོད་ཐུང་དུ་བཏང་བ་དང་བསྟུན་ནས་ངལ་རྩོལ་པའི་གླ་ཕོགས་གཅོག་པའམ་ཡང་ན་དམའ་རུ་གཏོང་བ་སོགས་བྱེད་མི་ཆོག་པ་ཁ་གསལ་བཟོས་ཡོད་པ་རེད། དེ་དང་ཆབས་ཅིག་མངགས་ཚོང་སྐྱེལ་མཁན་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། 


  • 顶