སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས། ཚེས་གསུམ་ཉིན་ལ་པེ་ཏའེ་ཧོ་རུ་དབྱར་གནང་ངལ་གསོ་གནང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་ཞུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་འཐབ་ཕྱོགས་སོ་སོ་དང་། ཁྱབ་ཁོངས་སོ་སོའི་ནང་གི་རྒྱ་ཆེ་བའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་ལ་འཚམས་འདྲི་ལྷད་མེད་ཞུས། ཚའེ་ཆི་ཡིས་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་རྣམས་ནི་ཏང་དང་རྒྱལ་ཁབ་གྱི་ནོར་བུ་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣའི་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་གལ་ཆེན་དུ་བཞག་ཅིང་། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་ཁྱོན་ཡོངས་ནས་ཇེ་དྲག་གཏོང་བ་དང་། འཇོན་མི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣའི་་བྱ་གཞག་ཕུང་ཧྲིལ་པོར་འཕེལ་རྒྱས་གཏོང་བ་དང་།ཤེས་ལྡན་མི་སྣ་མང་ཞིང་འཇོན་ཐང་དོད་པ། འཇོན་ཐང་བེད་ཆོད་པའི་རྣམ་པ་ཡག་མོ་ཆགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མཁས་པ་དང་འཇོན་མི་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། རྒྱ་ཆེ་བའི་ཆེད་མཁས་པ་དང་འཇོན་མི་ཡིས་གསར་གཏོད་གང་ཐུབ་དང་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་མ་ཡང་ཡང་གཏོང་བཞིན་ཡོད། རྒྱང་སྐྱོད་གསར་པའི་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལྟར་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་བསྒྲུབས་ནས། རྒྱ་ཆེ་བའི་ཆེད་མཁས་ཤེས་ལྡན་མི་སྣས་ཕྱག་ལས་གསར་གཏོད་ལ་གོ་སྐབས་ཆེན་པོ་བསྐྲུན་ཡོད་པས། ཆེད་མཁས་པ་དང་འཇོན་མི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། གཏན་ཁེལ་གཉིས་ཀྱི་ངེས་དོན་སྙིང་པོ་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་གཏོང་བ། ཡིད་ཆེས་བཞི་སྔ་ལས་ཇེ་བརྟན། སྲུང་སྐྱོང་གཉིས་ལེགས་པར་བསྒྲུབས་ནས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་གཏང་དགོས་ལ། རང་རྟོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་འབད་བརྩོན་བྱས་ནས་སློབ་གསོ་དར་བའི་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མི་དར་བའི་རྒྱལ་ཁབ་འཛུགས་སྐྱོང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་བ་ཡོད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་བྱུང་ཆེད་མཁས་པའི་སྐུ་ཚབ་རྣམས་པེ་ཏེ་ཧོ་རུ་ངལ་གསོ་རུ་གདན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ད་ལོའི་དབྱར་གནང་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ཞེས་པ་ཡིན་ལ། བྱེད་སྒོའི་ནང་ཞུགས་མཁན་ཚན་རྩལ་རྩེ་གྲས་ཁྱབ་ཁོངས་དང་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ན་གཞོན་ཤེས་ལྡན་མི་སྣ་སོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགོ་འཛིན་ཧྲི་ཐེ་ཧྥུང་། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིང་འཚམས་འདྲིའི་བྱེད་སྒོའི་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba