སློབ་མ་དྲུག་གིས་ལྟ་སྐོར་སློབ་སྦྱོང་བྱེད་དུས་རྐྱེན་ལམ་དུ་ཤོར།

2025-07-24
267

ཟླ་བ་བདུན་པའི་ཚེས་ཉེར་གསུམ་ཉིན། ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐི་ཡན་ལག་ཁང་ནས་གསར་འགྱུར་སྤེལ་བ་ལྟར་ན། གསར་འགོད་པས་ཚེས་ཉེར་གསུམ་ཉིན་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེ་ཨེར་གྲོང་ཁྱེར་བབ་བསྟུན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་དོན།  ཟླ་བ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཐོག བྱང་ཤར་སློབ་ཆེན་གྱི་སློབ་མ་དྲུག་གིས་ཀྲུང་གོའི་གསེར་ཚོགས་པའི་ནང་སོག་གཏེར་ལས་ཚད་ཡོད་སྤྱི་གཉེར་ཁང་གི་ཝུའུ་ནུའུ་གོ་ཐུའུ་རི་བོའི་ཟངས་མོལ་གཏེར་འདེམས་བཟོ་གྲྭ་རུ་ཆུ་སིང་རྒྱག་པའི་བཟོ་རྩལ་སློབ་སྦྱོང་དང་དེ་ལ་ལྟ་སྐོར་བྱེད་དུས། དྲ་ལེབ་ལྷུང་ནས་ཆུ་སིང་རྫིང་བུའི་ནང་དུ་ལྷུང་།  མི་དྲུག་པོ་བཏོན་རྗེས།  སྨན་བཅོས་མི་སྣས་མི་དྲུག་པོ་རྫིང་ནང་དུ་བྱིངས་ནས་རྐྱེན་ལམ་དུ་ཤོར་བ་གཏན་ཁེལ་བྱས། གཞན་དགེ་རྒན་ཞིག་ཀྱང་རྨས་འདུག

图片

ཀྲུང་གོའི་གསེར་ཚོགས་པའི་ནང་སོག་གཏེར་ལས་འཕྲིན་ཕྲན་སྤྱི་སྟེགས་ནས་བླངས།

图片

མིག་སྔར། ཁོངས་གཏོགས་ས་ཆའི་ཏང་ཨུ་དང་སྲིད་གཞུང་དང་། བྱང་ཤར་སློབ་ཆེན། ཀྲུང་གོའི་གསེར་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་རྗེས་མཇུག་ལས་ཀ་སྒྲུབ་བཞིན་ཡོད། 


  • 顶