དབྱར་གསེང་གི་སྦྱོང་ཚན་མང་ཉུང་ཚོད་འཛིན་ནན་པོ་བྱེད་དགོས་འདུག

2025-07-17
261

 ཉིན་ཤས་གོང་། སློབ་གསོ་པུའི་གཞུང་དོན་ཐིང་གིས་༼སྤྱི་ལོ་༢༠༢༥ལོའི་སློབ་གྲྭ་འབྲིང་ཆུང་གི་དབྱར་གསེང་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་༽པར་འགྲེམ་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད།


    ༼བརྡ་ཐོའི་༽ནང་། ས་གནས་ཁག་གི་གསར་འགྱུར་སྨྱན་སྦྱོར་དང་ལྷག་པར་དུ་དྲ་རྒྱའི་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས་བདེ་འཇགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས་པ་དང་། དུས་ཐོག་ཏུ་བདེ་འཇགས་དྲན་སྐུལ་བྱས་ཏེ་སློབ་མའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། རང་ཉིད་ཀྱི་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཐོག་རིགས་ཁག་གི་བདེ་འཇགས་དོན་རྐྱེན་མི་ཐོན་པ་བྱེད་པ་དང་། སློབ་གྲྭས་དབྱར་གསེང་གི་དུས་ཚོད་ལ་སློབ་གྲྭའི་གཙོ་གནད་ཁོར་ཡུག་དང་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་མཛུབ་སྟོན་བྱས་ཏེ་བཅོས་སྒྲིག་ལས་དོན་ཏན་ཏིག་སྒྲུབ་པ།༼སློབ་གསོ་པུའི་གཞུང་དོན་ཐིང་གི་རྨང་གཞིའི་སློབ་གསོ་ཚད་ལྡན་དོ་དམ་མཐོར་འདེགས་ལོའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི་༽འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས། གུང་གསེང་རིང་སློབ་ཚན་གསབ་འཁྲིད་བྱེད་པ་དང་། སློབ་འགོ་སྔ་བསྣུར་དུ་འཛུགས་པ། གུང་གསེང་ཕྱི་འགྱངས་བྱེད་པ་སོགས་ཀྱི་སྣང་ཚུལ་བཀག་འགོག་བྱས་ཀྱང་འགོག་མི་ཐུབ་པ་དང་། སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྗིད་པོ་བཟོ་བའི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ། དབྱར་གསེང་གི་དུས་ཚོད་ནང་སློབ་རའི་ཟ་ཁང་དང་། དཔྱད་གཞིའི་དཔེ་དེབ་མངག་ཉོ། སློབ་གོས་འདེམས་ཉོ་སོགས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཕྱིར་བལྟས་བྱས་ཏེ་སློབ་དུས་གོང་མའི་བཅོས་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་། ཕྱོགས་སྡོམ་བྱས་ནས་རྨང་གཞི་དེའི་ཐོག་སློབ་དུས་གསར་པའི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་བཏོན་ཡོད།


    ༼བརྡ་ཐོའི་༽ནང་། དབྱར་གསེང་གི་སྦྱོང་ཚན་མང་ཉུང་ལ་ཚོད་འཛིན་ནན་པོ་བྱས་ཏེ་སྦྱོང་ཚན་བཀོད་སྒྲིག་ལུགས་མཐུན་ཚད་ལྡན་བྱེད་དགོས་པ་ལས། ཁ་པར་ཐོག་ནས་སྦྱོང་ཚན་བཀོད་སྒྲིག་བྱེད་པ་དང་། སློབ་མར་ཁ་པར་ཐོག་ནས་སྦྱོང་ཚན་ལེགས་འགྲུབ་བྱེད་དུ་འཇུག་པ། ཡང་ན་ཁྱིམ་བདག་ནས་སྦྱོང་ཚན་ལ་བཅོས་རྒྱག་ཏུ་འཇུག་པ་སོགས་ཀྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་འདུག


  • 顶