རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་༧ཚེས་༡༦ཉིན་ནི་ཀྲེ་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཧ་ལི་སྐུ་གཤེགས་པའི་ཐད་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཟབ་མོ་ཞུས་གནང་བ་དང་། པུའུ་ཧ་ལིའི་ཁྱིམ་མི་དང་ནི་ཀྲེ་རི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཙུང་ཐུང་ཟུར་པ་པུའུ་ཧ་ལི་ནི་ནི་ཀྲེ་རི་ཡའི་འགོ་ཁྲིད་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ནི་ཀྲེ་རི་ཡའི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་གཞོལ་བ་དང་། རྒྱལ་ཁབ་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་མཛད་རྗེས་ཁྱད་དུ་འཕགས་པ་བཞག་པས། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྙན་གྲགས་ཆེན་པོ་ལྡན་ཡོད། ཁོང་སྐུ་འཚོ་བཞུགས་སྐབས་ཀྲུང་གོའི་བར་གྱི་མཛའ་གྲོགས་རྒྱུན་འཁྱོངས་གནང་བ་དང་། ཀྲུང་གོ་དང་ནི་ཀྲེ་རི་ཡའི་མཛའ་གྲོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་གནང་ཡོད། ཁོང་སྐུ་གཤེགས་པ་དེ་ནི་ནི་ཀྲེ་རི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་ཀྱང་མེད་པར་གྱུར་ཡོད། ཀྲུང་གོས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ནི་ཀྲེ་རི་ཡའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་ཟམ་མི་ཆད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
འཕྲིན་སྟེགས། weikangba