2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པའི”རབ་མཛེས་མཚོ་སྔོན་ལ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་གྱི་འགྲན་རིམ་གཉིས་པ།

2025-07-10
287

ཆེས་མཇུག་མཐའི་སྤྱི་ལེ་གཅིག 

ཐེངས་འདིའི་འགྲན་རིམ་ཁྲོད་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་པས་གཟི་བརྗིད་ངང་དགའ་རྟགས་ལེན་པ། 

འགྲན་བསྡུར་གྱི་ཟུར་ཙམ། 

རྒྱ་འཆམ་འཁྲབ་ནས་འགྲན་ཞུགས་པ་དག་ལ་སྒུལ་ཤུགས་བསྩལ་བ། 

གླུ་གཞས་དང་ཞབས་བྲོ་ལ་བརྟེན་ནས་འགྲན་ཞུགས་རུ་ཁག་ལ་ཤུགས་སྩོལ་བཞིན་པ། 

ཆེས་མཇུག་མཐའི་གནས་ལ་ཐོན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས7ཉིན། 2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པའི”རབ་མཛེས་མཚོ་སྔོན་ལ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་གཉིས་པ་ཛ་དྲག་ངང་མགོ་ཚུགས། ཐེངས་འདིའི་འགྲན་རིམ་ནི་ཏུའོ་པ་ནས་ཧུའུ་ཀྲུའུ་བར་ཡིན་པ་དང་། བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ151ཡོད་ཅིང་། བསྡོམས་པས་ལུས་རྩལ་པ151འགྲན་བསྡུར་ནང་ཞུགས་ཡོད། 

འགྲན་ཞུགས་པ་རྣམས་རླུང་ལྟར་འགྲན་ལམ་བརྒྱུད་དུས། འགྲན་ལམ་ནི་སྤྲོ་སྣང་གིས་ཁེངས་པའི་གར་སྟེགས་ལྟར་བུར་གྱུར། བགྲོད་ལམ་ཕྱོགས་གཉིས་སུ་དུས་ཆེན་གྱི་གྱོན་ཆས་གྱོན་པའི་མི་རིགས་སོ་སོ་སོའི་མང་ཚོགས་ཀྱིས་སྔ་མོ་ནས་སྤྲོ་སེམས་འཁོལ་བའི་ངང་སྲང་ལམ་དུ་འཛོམས་པ་དང་། ལག་ཏུ་དར་ཆ་བཟུང་ནས་མཐོ་སྒང་གི་ཉི་འོད་དང་འགྲོགས་ནས། སྤྲོ་སེམས་འཁོལ་བའི་ངང་ནས་འགྲན་ཞུགས་པ་དག་ལ་རེ་འབོད་བྱེད་བཞིན་ཡོད། ། 



  • 顶