ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོར་ཡོད་པའི་ཐོན་བརྒྱའི་དམག་འཁྲུག་གི་རྗེས་དྲན་རྡོ་རིང་ཐང་ཆེན་དུ་དམག་སྡེ་བརྒྱད་པའི་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཧྲན་ཞིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་ངང་དར་བར་སྐུལ་འདེད་གཏོང་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་སྒོས། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། སྤྱི་འདོམས་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ཧུར་ཐག་གིས་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ཐད་གོམ་པ་གསར་པ་སྤོ་བར་སྐུལ་འདེད་བཏང་སྟེ། སན་ཅིན་ས་གཞི་ཆེན་མོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གལ་སྐུལ་འདེད་གཏོང་བའི་ལེའུ་གསར་བ་འབད་པས་རྩོམ་དགོས།
ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཐང་ཏིན་ཅེ་དང་ཧྲིན་ཀྲང་ལུའུ་ཏུང་ལེའང་གཉིས་ཀྱི་འགྲོ་རོགས་འོག སྔ་རྗེས་སུ་དབྱང་ཆོན་དང་ཐའེ་ཡོན་དུ་རྟོག་ཞིབ་མཛད།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོར་ཡོད་པའི་ཐོན་བརྒྱའི་དམག་འཁྲུག་གི་རྗེས་དྲན་རྡོ་རིང་ཐང་ཆེན་དུ་དམག་སྡེ་བརྒྱད་པའི་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་ཚུལ་རེད།
ཐོན་བརྒྱའི་དམག་འཁྲུག་ནི་འཇར་འགོག་དམག་འཁྲུག་ཁྲོད་ཀྱི་གཡུལ་འགྱེད་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་དམག་དམངས་ཀྱིས་འཇར་འགོག་དམག་འཁྲུག་མཐར་ཐུག་བྱེད་པའི་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོར་གནས་པའི་ཐོན་བརྒྱའི་དམག་འཁྲུག་གི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་ཕེབས་ནས། དམག་སྡེ་བརྒྱད་པའི་དམག་དཔུང་གི་སྔོན་གཤེགས་དཔའ་བོ་རྣམས་ལ་མེ་ཏོག་ཕུལ་བ་རེད། དེ་ནས་ཁོང་གིས་ཐོན་བརྒྱའི་དམག་འཁྲུག་དྲན་གསོ་ཁང་གི་འགྲེམས་སྟོན་ལ་ལྟ་སྐོར་གནང་། ལོ་རྒྱུས་ཀྱི་འདྲ་པར་རེ་རེ་དང་དངོས་རྫས་རྩ་ཆེན་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་དམག་དམངས་ལ་མགོ་ཁྲིད་བྱས་ནས་ཞེ་བསྡང་མཉམ་སྐྱེས་དང་ཕྱི་རྒོལ་མཉམ་འགོག་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད་པ་དང་། ཞི་ཅིན་ཕིང་གིས་མཚམས་རེར་ལྟ་ཞོར་དུ་བསམ་གཞིགས་བྱེད་ཀྱིན་ཡོད། ཁོང་གིས་ནན་གྱིས་བསྟན་དོན། ཐོན་བརྒྱའི་དམག་འཁྲུག་གི་ལོ་རྒྱུས་རླབས་ཆེན་ལས་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ཁྲོད་ཀྱི་ང་ཚོའི་ཏང་གི་སྲོག་ཤིང་གི་ནུས་པ་གང་ལེགས་སྒོས་མངོན་པ་དང་། ཏང་གིས་མགོ་ཁྲིད་བྱས་པའི་མི་དམངས་དམག་འཁྲུག་གི་སྟོབས་ཤུགས་ཆེན་པོ་གང་ལེགས་ཀྱིས་མངོན་ཡོད། འཇར་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོར་བཤད་ནས། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོར་ཡོད་པའི་ཐོན་བརྒྱའི་དམག་འཁྲུག་གི་རྗེས་དྲན་ཁང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོར་ཡོད་པའི་ཐོན་བརྒྱའི་དམག་འཁྲུག་གི་རྗེས་དྲན་ཁང་དུ་རྟོག་ཞིབ་གནང་སྐབས། ལྟ་སྐོར་ལ་ཡོང་བའི་ན་ཆུང་སློབ་མ་དང་རྗེས་དྲན་ཁང་གི་ལས་བྱེད་མི་སྣར་བྱམས་བརྩེའི་ཁ་བརྡ་གནང་བའི་ཚུལ་རེད།

རྗེས་དྲན་ཁང་གི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་ལྟ་སྐོར་དུ་ཡོང་བའི་ན་ཆུང་སློབ་མ་དང་རྗེས་དྲན་ཁང་གི་ལས་བྱེད་མི་སྣར་བྱམས་བརྩེའི་ངང་ཁ་བརྡ་གནང་། ཁོང་གིས་གསུངས་རྒྱུར། ལོ་ངོ88སྔོན་གྱི་དེ་རིང་བྱུང་བའི་བདུན་པའི་ཚེས་བདུན་གྱི་དུས་འགྱུར་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཕྱོགས་ཡོངས་ནས་འཇར་པན་བཙན་འཛུལ་པར་འགོག་རྒོལ་བྱས་པའི་མགོ་རྩོམ་ས་ཡིན་པས། སྔོན་མའི་བསླབ་བྱ་མི་བརྗེད་པར། རྗེས་མའི་མེ་ལོང་དུ་འཛིན་དགོས་ལ། གནས་འདིར་ཡོང་དོན་ཡང་བསམ་པའི་བྱབས་ཁྲུས་དང་ལེན་བྱེད་པའི་ཆེད་ཡིན། རྒྱ་ཆེའི་ན་ཆུང་གཞོན་ནུ་རྣམས་ཀྱིས་གོ་སྐབས་འདི་དམ་འཛིན་གྱིས་དམར་པོའི་ཁྲག་རྒྱུན་རྒྱུད་འཛིན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་ང་རང་ཡོད་པའི་ཕུགས་འདུན་ཆེན་པོ་བཙུགས་ནས། ཟོལ་མེད་གཞུང་དྲང་དང་གཟི་བརྗིད་སྤོབས་བསམ་གྱིས་ཁེངས་པའི་ཀྲུང་གོ་པ་ཞིག་བྱེད་དགོས་ལ། མི་རིགས་བསྐྱར་དར་གྱི་དུས་རབས་འགན་འཁྲི་ཆེན་མོ་ཕྲག་ཏུ་འཁུར་དགོས།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྥ་མོན་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བའི་ཚུལ་རེད།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྥ་མོན་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་བཟོ་པ་དང་བྱམས་བརྩེའི་ངང་བརྗེ་རེས་བྱེད་པའི་ཚུལ་རེད།

ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྥ་མོན་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་བཟོ་པ་དང་མཉམ་དུ་ཡོད་པའི་ཚུལ་རེད།
ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་ཧྥ་མོན་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་མཛད། ཉེ་བའི་ལོ་ཤས་རིང་གི་ཧྲན་ཞི་ཞིང་ཆེན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གནས་ཚུལ་གྱི་སྙན་ཞུར་གསན་རྗེས། ཁོང་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་སོལ་རླངས་ཀྱི་སྟེམ་སྒོ་དང་གློག་སྒུལ་ལེབ་སློག་སྟེམ་སྒོ་སོགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་མཛད། ཁོང་གིས་བསྟན་དོན། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དངོས་ཕུང་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་དགོས་མཁོ་ཁོང་དུ་ཆུད་པ་དང་ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ནས། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས། ཁོང་གིས་ཁེ་ལས་ཀྱི་ལས་བཟོ་པ་རྣམས་ལ་རང་རྒྱལ་གྱི་བཟོ་ལས་འཕེལ་རྒྱས་ནི་སྔོན་ཆད་ཐོ་བ་བརྡུངས་པར་བརྟེན་པ་དང་། ད་ལྟ་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་ལ་བརྟེན་ནས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཁེ་ལས་ལ་བརྟེན་ནས་རྒྱལ་ཁབ་དར་བ་དང་དངོས་སྒྲུབ་ལ་བརྟེན་ནས་རྒྱལ་ཁབ་དར་བར་བྱེད་དགོས། ཁྱེད་ཚོས་མུ་་མཐུད་དུ་འབད་འཐབ་བྱས་ནས། བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་མང་པོ་འཇོག་དགོས་ཞེས་གསུངས།
ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན། ཧྲན་ཞིས་ཕྱོགས་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། གོ་རིམ་རྗེས་མའི་བྱ་བར་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཚུལ་སྒྱུར་ཕྱོགས་བསྡུས་ཆ་སྒྲིག་བཅོས་སྒྱུར་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་སྤྲད་པའི་འཐབ་ཇུས་ལས་འགན་ཞིག་ཡིན་པས། བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཚུལ་སྒྱུར་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཚུལ་སྒྱུར་དང་། ཐོན་ལས་རིམ་སྤོར། སྣ་མང་འོས་འཚམ་གྱི་འཕེལ་རྒྱས་གཙོ་གནད་དམ་འཛིན་བྱ་དགོས། རྒྱལ་ཁབ་ཀྱི་གློག་སོལ་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་བརྟན་པོར་འཁུར་བའི་སྔོན་འགྲོའི་ཆ་རྐྱེན་འོག རྡོ་སོལ་ཐོན་ལས་དེ་དམའ་གྲས་ནས་མཐོ་གྲས་དང་། རྡོ་སོལ་ཐོན་རྫས་དེ་དམའ་རིམ་འབར་རྫས་ནས་རིན་ཐང་ཆེ་བའི་ཐོན་རྫས་སུ་འཕར་བར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་ཆུ་ཚད་མཐོན་པོས་རང་རྒྱལ་གྱི་ནུས་ཁུངས་མ་བཅོས་རྒྱུ་ཆའི་རྟེན་གཞི་གལ་ཆེན་བསྐྲུན་པ། རླུང་ནུས་གློག་འདོན་དང་། འོད་བརྟེན་གློག་འདོན། ཆིང་ནུས་སོགས་ནུས་ཁུངས་ཆ་སྡེབ་ཀྱིས་འཕེལ་རྒྱས་སུ་བཏང་སྟེ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་བཀོད་སྒྲིག་བྱས་ནས། ཧྲན་ཞིའི་ཁྱད་ཆོས་མཚོན་པ་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཞིག་རིམ་བཞིན་ཆགས་པར་བྱ་དགོས། སྣ་མང་འཕེལ་རྒྱས་ཀྱི་ཆ་རྐྱེན་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་གཙོ་གཞིའི་གསོན་ཤུགས་ཆེར་བསྐྱེད་དེ། ཐོན་ཁུངས་ཀྱི་དགེ་མཚན་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚུལ་སྒྱུར་འཕེལ་རྒྱས་གཏོང་བར་ངེས་པར་དུ་བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོ་སྲུང་དགོས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བསྣན་ནས། “རྒན་གཅིག་གཞོན་གཅིག་”སོགས་དམངས་འཚོ་འགན་སྲུང་གི་ཞབས་ཞུ་ལ་ཤུགས་བསྣན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་པོར་བསྲུང་དགོས། ཏང་འཛུགས་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་སྤྱི་ཚོགས་བདེ་སྐྱོང་གི་སྤྱི་ཡོངས་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱིས་ནག་འཇོམས་ངན་སེལ་བྱེད་པ་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། རི་བཅོས་ཆུ་བཅོས་དང་སྤྱོད་གཙང་གྲོང་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། བྱེ་འགོག་བྱེ་བཅོས་དང་འབབ་རྒྱུད་ཀྱི་ས་ཆུ་ཤོར་བའི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། གཙོ་གནད་ལས་རིགས་ཀྱི་ནུས་གྲོན་ཐཱན་གཅོག་ལ་མུ་མཐུད་སྐུལ་འདེད་གཏོང་བ། གཏེར་རིའི་སྐྱེ་ཁམས་ཏན་ཏིག་གིས་སླར་གསོ་བྱས་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་ལམ་ལུགས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ་ལས་འཛོལ་ཚབས་ཆེན་འབྱུང་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། མིག་སྔར་ཆར་ཆུ་མོད་པའི་དུས་སུ་སླེབས་ཡོད་པས་ཞོད་འགོག་འབྲུབ་འགོག་གི་སྔོན་ཇུས་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་། སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་བྱས་ཏེ། གཞི་གདངས་ནན་མོ་དང་། བྱེད་ཐབས་ནན་མོ། རྣམ་པ་གཟབ་ནན་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ནས་། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་བྱ་བ་དམ་འཛིན་བྱ་དགོས། གནད་དོན་འཚོལ་འདོན་ངོ་མ་ཡིན་པ་དང་། དག་ཐེར་ཡོ་བསྲང་བདེན་པ་ཡིན་པར་བྱས་ཏེ། ཕན་འབྲས་དངོས་འཐོབ་པར་བྱ་དགོས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དང་ཉམས་མྱོང་དུས་ཐོག་ཏུ་སྤྱི་བསྡོམས་བྱས་ཏེ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
ཧི་ལི་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་གནང་། །
འཕྲིན་སྟེགས། weikangba