ཞི་ཅིན་ཕིང་གིས་ཧྲན་ཞི་དབྱང་ཆོན་གྲོང་ཁྱེར་དུ་འཇར་འགོག་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཚོམས་བུ་ཕུལ་བ་མ་ཟད་ཐོན་བརྒྱའི་དམག་འཁྲུག་རྗེས་དྲན་ཁང་དུ་ལྟ་སྐོར་བྱས་པ།

2025-07-09
260

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་དབྱང་ཆོན་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཁོང་ཐོན་བརྒྱའི་དམག་འཁྲུག་གི་རྗེས་དྲན་རྡོ་རིང་ཐང་ཆེན་དུ་ཕེབས་ནས། ཐོན་བརྒྱའི་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཚོམས་བུ་ཕུལ་ཞིང་། ཐོན་བརྒྱའི་དམག་འཁྲུག་རྗེས་དྲན་ཁང་ལ་ལྟ་སྐོར་གནང་སྟེ། འཇར་འགོག་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་ནས་འཇར་འགོག་དམག་དམངས་ཀྱིས་ཞེ་སྡང་མཉམ་སྐྱེས་དང་ཕྱི་དགྲ་མཉམ་འགོག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ས་གནས་དེས་གསར་བརྗེའི་ལོ་རྒྱུས་སློབ་གསོ་སྤེལ་བ་དང་རླབས་ཆེའི་འཇར་འགོག་སྙིང་སྟོབས་རྒྱུད་འཛིན་དར་སྤེལ་གནང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། 


  • 顶