ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར55ལོན་པའི་སྐབས་སུ། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུས་ཕབ་སྐྲུན་བྱས་པའི་ལེ་ཚན་ཆེན་མོ་སྟེ《ཞི་ཅིན་ཕིང་གི་རིག་གནས་བརྩེ་བ》ཞེས་པ་གཏོང་མགོ་བརྩམས་པའི་བྱ་འགུལ་ས་གནས་དེའི་དུས་ཚོད་ཟླ6པའི་ཚེས25ཉིན་རོ་མ་རུ་འཚོགས། དེ་ཉིན་ནས་བཟུང་ལེ་ཚན་དེ་དབྱི་ཐ་ལི་ཨའར་མ་བརྙན་འཕྲིན་ལས་ཁུངས་དང་། ཏུའོ་ན་བརྙན་འཕྲིན་ཁང་། ཡུལ་སྐོར་བརྙན་འཕྲིན་ཁང་། ལ་ཆི་ཨའོ་བརྙན་འཕྲིན་ཁང་། ལུན་པ་ཏི་གྲོང་ཁྱེར་བརྙན་འཕྲིན་ཁང་། རོ་མ་ཁོ་ལོ་ན་རླུང་འཕྲིན་བརྙན་འཕྲིན་ཁང་། སྨི་ལན་ཕ་ཝེ་ཡ་བརྙན་འཕྲིན་ཁང་། དབྱི་ཐ་ལིའི《སྨི་ལན་ནོར་སྲིད་དཔལ་འབྱོར་ཚགས་པར》གྱི་དྲ་ཚིགས་སོགས་དབྱི་ཐ་ལི་དང་གཙོ་རྒྱུག་སྨྱན་སྦྱོར30ལྷག་གི་སྟེང་བསྟུད་མར་གཏོང་རྒྱུ་རེད།
《ཞི་ཅིན་ཕིང་གི་རིག་གནས་བརྩེ་བ》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སེམས་སུ་བཅངས་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བདམས་ཏེ། ཁོང་གིས“རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་ལྡན་ཡིན་ན་མི་རིགས་སྟོབས་ལྡན་ཡིན་པའི”དགོངས་པ་ཟབ་བཞེས་དང་རིག་གནས་ཤུལ་བཞག་ལ་གཅེས་སྤྲས་དང་། ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་བྱེད་པའི་བརྩེ་བ་ཟབ་མོ་མཚོན་པ་དང་། རྒྱལ་སྤྱིའི་ལྟ་མཁན་ཉན་མཁན་རྣམས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྙིང་བཅུད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རིག་གནས་རྨང་གཞི་གཏིང་ཟབ་འགྲེལ་བཤད་བྱས་ཡོད། ལེ་ཚན་དེ་ཧོ་པེ་ཀྲེང་ཏིང་དང་། ཧྥུ་ཅན་ཞ་མོན། ཀྲེ་ཅང་ཧང་ཀྲོའུ། ཀན་སུའུ་ཏུན་ཧོང་སོགས་ཞི་ཅིན་ཕིང་ལས་དོན་སྤེལ་བའམ་རྟོག་ཞིབ་བྱེད་མྱོང་བའི་ས་གནས་ལ་ཡུལ་དངོས་སུ་བཅར་འདྲི་བྱས་པ་བརྒྱུད། གཟུགས་བརྙན་དཔྱད་གཞི་དང་བཅར་འདྲི་གཏིང་ཟབ་སོགས་སྣ་མང་བརྗོད་སྟངས་བཅས་ཀྱིས་ལངས་གཟུགས་རྣམ་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོས་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཀྱི་ཐད་ལག་ལེན་འབད་བརྩོན་བྱས་པ་མཚོན་ཡོད་ལ། ཀྲུང་ཧྭ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པ། ཕྱོགས་བསྡུས་མཉམ་འདུས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། །
འཕྲིན་སྟེགས། weikangba