སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རབས་གསར་པའི་མི་བཟོས་རིག་ནུས་ལག་རྩལ་མགྱོགས་མྱུར་དུ་འཕོ་འགྱུར་བྱུང་བའི་གནས་བབས་གསར་པའི་མདུན་ན། རྒྱལ་ཡོངས་ཀྱི་གསར་དར་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཅིང་། རང་སྟོངས་རང་སྤེལ་རྒྱུན་འཁྱོངས། བཀོལ་སྤྱོད་ཁྲིད་ཕྱོགས་འབུར་དུ་ཐོན་ལ། རང་རྒྱལ་གྱི་མི་བཟོས་རིག་ནུས་དགེ་མཚན་ལྡན་པ་དང་བདེ་འཇགས། འདྲ་མཉམ་ཕྱོགས་སུ་བདེ་བླག་གོ་རིམ་ལྡན་པའི་འཕེལ་རྒྱས་གཏང་དགོས་ཞེས་གསུངས། ད་ལོ་ནས་བཟུང་། རང་རྒྱལ་གྱི་མིས་བཟོས་རིག་ནུས་དར་རྒྱས་ཆེན་པོ་བྱུང་ཞིང་། སྔ་ཡོད་མ་མྱོང་བའི་མྱུར་ཚད་ལས་དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་ཕན་པ་བསྐྲུན་ཡོད། སྲིད་ཇུས་ཀྱི་སྐུལ་ཁྲིད་དང་ལག་རྩལ་གསར་གཏོད། ཐོན་ལས་ཟུང་འབྲེལ་སོགས་ཕྱོགས་མང་པོའི་སྐུལ་ཁྲིད་འོག མིས་བཟོས་རིག་ནུས་ཀྱིས་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ནུས་དྲག་པོ་སྐྲུན་བཞིན་ཡོད།
ནངས་སྔོ་མོར། ཧྲེན་ཀྲེན་གྱི་རིག་ནུས་འདུས་ཁུལ་ནང་། མིས་བཟོས་རིག་ནུས་བདེ་ཐང་དོ་དམ་ཁང་ནས་རྒན་རྒོན་ཚོའི་བདེ་ཐང་དགོས་མཁོ་ལྟར་ཞོགས་ཟས་ལས་པ་དང་། ཉིན་གུང་རྗེས་སུ། ཅིང་ནན་གྱི་སྤྱི་ཚོགས་ཉེན་འགོག་ཚོམས་ཆེན་ནང་། མིས་བཟོས་རིག་ནུས་ལས་སྒྲུབ་པས་སྤྱི་ཚོགས་ཉེན་འགོག་ཡིག་ཆ་བརྒྱ་ལྷག་བསྒྲུབ་དགོས། མཚན་མོར། ཉིང་པུའོ་རིག་གནས་འགྲིམ་འགྲུལ་བཀོད་འདོམས་ལྟེ་གནས་སུ། མིས་བཟོས་རིག་ནུས་མ་ལག་གིས་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་གློག་སྒྲོན་ལེགས་སྒྲིག་བྱས་ནས་ཕྱི་དྲོའི་འགྲིམ་འགྲུལ་འཚང་ཁ་ཆེ་བའི་གནད་དོན་ཐག་བཅད་པ་རེད།དེ་དག་་ནི་མིས་བཟོས་རིག་ནུས་ལག་རྩལ་དེང་སང་གི་ཀྲུང་གོར་འདྲེན་ནས། རྒྱལ་ཡོངས་ལས་རིགས་ཀྱི་རྩིས་རྒྱག་ཐབས་ལས་མི་ཚང་མའི་འཚོ་བར་འགྱུར་བ་གཏོང་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རབས་གསར་པའི་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་ལ། མིས་བཟོས་རིག་ནུས་ཀྱི་འཐབ་ཇུས་དོན་སྙིང་ལ་ཞིབ་བཤེར་དང་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅན་ཕིང་གིས་མིས་བཟོས་རིག་ནུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་ཟབ་མོ་བྱེད་དེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སྦྱོང་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་མ་ལག་བཙུགས་པ་དང་། སྲོལ་རྒྱུན་ཐོན་ལས་ལེགས་བཅོས་རིམ་སྤར་བྱེད་པ་དང་། འཐབ་ཇུས་ཅན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་། ཐེངས་འདིར་ཐུན་མོང་སློབ་སྦྱོང་བྱས་ནས་ཉིན་ཁ་ཤས་རྗེས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧའེ་ལ་ཕེབས་ནས། མིས་བཟོས་རིག་ནུས་ཁྱབ་ཁོངས་ནང་གི་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་སྟེ། ཁོང་གིས་རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་མ་ལག་འཐུས་སྒོ་ཚང་བ། ཚོང་རའི་བར་སྟོང་རྒྱ་ཆེ་ལ། མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་བའི་མདུན་ལྗོངས་རྒྱ་ཆེ་བས། སྲིད་ཇུས་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་ཇེ་དྲག་བཏང་ནས། བདེ་འཇགས་དང་བརྟན་པོའི་ཐོན་རྫས་སྤུས་ལེགས་སྔ་ལས་མང་པོ་ཞིབ་འཇུག་གསར་གཏོད་བྱ་དགོས་ཞེས་གསུངས་པ་རེད།
ད་ལོ་ནས་བཟུང་རང་རྒྱལ་གྱི་མི་བཟོས་རིག་ནུས་ཁྱབ་ཁོངས་ནང་ལས་རྣམ་མང་བའི་མ་དཔེ་ཆེན་པོ་རིམ་སྤར་ཇེ་མགྱོགས་བྱུང་བ་དང་། རིག་ནུས་བེད་སྤྱོད་རྣམ་པ་རྒྱུན་མི་ཆད་པར་རྒྱ་བསྐྱེད་ཡོད། གསར་གཏོད་རྒྱུན་མི་ཆད་པའི་རྒྱབ་ཕྱོགས་ལ་རྒྱལ་ཁབ་ཀྱིས་སྔོན་ནས་རྨང་གཞི་སྒྲིག་ཆས་གསར་པ་བཀོད་སྒྲིག་བྱས་ཡོད་པ་དང་། ཨང་ཀིའི་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གཅིག་འགྱུར་འཆར་འགོད་བྱེད་ཡོད་པ་རེད། རྩིས་ཤུགས་མཁོ་འདོན་མི་འདང་པའི་དཀའ་ངལ་ལ་དམིགས་ནས། རྨང་གཞི་སྒྲིག་ཆས་གསར་པ་རྒྱུན་མི་ཆད་ཇེ་མང་གཏོང་བ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བ་དང་། ལག་རྩལ་རྩེ་གྲས་ཡིན་པའི་དྲ་བའི་རྨང་གཞི་སྒྲིག་ཆས་བསྐྲུན། རྩིས་ཤུགས་ཀྱི་སྤྱིའི་གཞི་ཁྱོན་འཛམ་གླིང་མདུན་གྲལ་དུ་གནས་ཡོད། གཞི་གྲངས་རྒྱུ་ཆ་འཁོར་རྒྱུག་ལ་བཀག་རྒྱ་ཡོད་པར་དམིགས་ནས། རྨང་གཞི་ལམ་ལུགས་འཛུགས་སྐྱོང་དང་སྤྱི་པའི་གཞི་གྲངས་སྒོ་འབྱེད་མཉམ་སྤྱོད་གཞི་གཅིག་ཏུ་ལག་བསྟར་བྱེད་དེ། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། རྨང་གཞི་སྒྲིག་ཆས་འཐུས་ཚང་གཏོང་བའི་དུས་མཚུངས་སུ། དེང་སང་རང་རྒྱལ་གྱིས་གསར་གཏོད་སྐྱེ་ཁམས་ཇེ་རྒྱས་གཏོང་བ་དང་། འཛམ་གླིང་ཐོག་གསོན་ཤུགས་ཆེན་པོ་ལྡན་པའི་མིས་བཟོས་རིག་ནུས་བེད་སྤྱོད་ཚོང་ར་བསྐྲུན་ཞིང་། མིག་སྔའི་བར་དུ་ཀྲུང་དབྱང་ཁེ་ལས་ཀྱིས་ཁེ་ལས་ཆུང་འབྲིང་དང་མཉམ་དུ་བཟོ་ལས་བཟོ་སྐྲུན་དང་ནུས་ཁུངས་གློག་ནུས། རིག་ནུས་འབྲེལ་དྲྭ་རླངས་འཁོར་སོགས་ལས་རིགས་གལ་ཆེན་གྱི་ལྗོངས་རྣམ་ལྔ་བརྒྱ་ནས་མིས་བཟོས་རིག་ནུས་བེད་སྤྱོད་གཏོང་བཞིན་ཡོད། འདུས་གྲུབ་སྐྱེ་དངོས་བཟོ་གྲྭ་རུ་མིས་བཟོས་རིག་ནུས་རྩིས་རྒྱག་གིས་ཐོན་སྐྱེད་འཕེལ་རྒྱས་བཏང་ནས། སྲིན་ཁྱུ་དུང་ཕྱུར་ཁ་ཤས་ཆུ་ཚོད་ཉེར་བཞིའི་ནང་བསྙལ་བའི་ལག་རྩལ་ཇེ་ཡག་གཏོང་བས་ནུས་ཆོད་ལྡབ་བཅུ་འཕར་ཐུབ། མྱུར་བགྲོད་མེ་འཁོར་ཞིབ་འཇུག་གསར་གཏོད་འཁོར་ཁང་དུ། ལད་བཟོ་མ་དཔེ་ཆེན་པོའི་ནང་མཁའ་དབུགས་སྒུལ་ཤུགས་རྩིས་རྒྱག་གྱི་ནུས་ཆོད་ཉིན་གཅིག་ནས་སྐར་ཆ་བཅུར་ཇེ་ཐུང་བཏང་ཡོད།
འཇོན་མི་ནི་མིས་བཟོའི་རིག་ནུས་ཡུན་རིང་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་པས། ད་ལོ་ནས་བཟུང་། རང་རྒྱལ་གྱིས་རིམ་པ་མང་པོའི་མིས་བཟོས་རིག་ནུས་ཀྱི་འཇོན་མི་གསོ་སྐྱོང་མ་ལག་བསྐྲུན་གང་ཐུབ་བྱས་ཡོད། ཧྲང་ཧའེ་མོ་སུའུ་བར་སྟོང་དུ། ཆ་ཚང་བའི་ཐོན་ལས་མ་ལག་གིས་ལོ་ན་ཆ་སྙོམས་སུམ་ཅུ་ལས་མེད་པའི་མིས་བཟོས་རིག་ནུས་ཤེས་ལྡན་མི་སྣ་སྟོང་ལྷག་གིས་འདི་རུ་ལས་གཏོད་བྱེད་བཞིན་ཡོད། ལག་རྩལ་འཕེལ་རྒྱས་མཁོ་གལ་ཆེ་བའི་འཇོན་མི་གསོ་སྐྱོང་གི་རྗེས་འབྲངས་ནས། ས་གནས་སོ་སོས་མིས་བཟོས་རིག་ནུས་སློབ་གླིང་འཛུགས་པ་དང་མིས་བཟོས་རིག་ནུས་འཇོན་མིའི་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད། མིས་བཟོས་རིག་ནུས་སྦྱོང་བརྡར་པ་དང་མི་འཕྲུལ་འདྲེས་བསྣོལ་འཆར་འགོད་པ་སོགས་ལས་རིགས་གསར་པ་དང་ལས་སྣ་གསར་པ་བཏོན་ཡོད། མིས་བཟོས་རིག་ནུས་བེད་སྤྱོད་ཀྱི་ལས་ཞུགས་གསོ་སྐྱོང་ལས་གཞི་བཀོད་འདོམས་བྱས་ཏེ། སློབ་མ་ས་ཡ་དྲུག་འབུམ་གཉིས་ལྷག་ལ་ཕན་ཐོགས་བཞིན་ཡོད།
མ་འོངས་པར། རང་རྒྱལ་གྱིས་རང་ཚུགས་རང་སྟོབས་རྒྱུན་འཁྱོངས་དང་བེད་སྤྱོད་ཀྱི་ཁ་ཕྱོགས་མངོན་གསལ་བཏང་སྟེ། སྲོག་ཤིང་ལག་རྩལ་དང་ལྗོངས་གནས་བེད་སྤྱོད། སྐྱེ་ཁམས་འཛུགས་སྐྲུན། རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་མང་པོ་དུས་མཉམ་དམ་འཛིན་བྱས་ཏེ། རང་རྒྱལ་གྱི་མིས་བཟོས་རིག་ནུས་བདེ་ལེགས་ཤིང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་གང་ཐུབ་བྱེད་རྒྱུ་རེད།
འཕྲིན་སྟེགས། weikangba