
ཟླ6པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཧྲེང་པིས་ཏི་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཧྲེང་པིས་ཏི་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་ཐུག་འཕྲད་གནང་།
ཏིང་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ཅིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་མཛད། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཨུ་རུ་སུར་འཚམས་འདྲི་གནང་བ་མ་ཟད་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་ཞུ་བའི་མཛད་སྒོར་ཞུགས་ཏེ། སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་གོ་རིམ་རྗེས་མའི་ཀྲུང་གོ་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་ཐད་ཇུས་འགོད་གསར་པ་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱིས་གཏན་ཁེལ་བྱས་པའི་ཁ་ཕྱོགས་ནི་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་གཏིང་ཟབ་དང་དུས་རབས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཁག་ཐེག་ཆེན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གཏན་ཁེལ་མིན་པས་སྣ་ཚོགས་ལ་ཁ་གཏོད་པའི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་བར་གྱི་ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཁེ་ཕན་གྱི་འབྲེལ་ཐག་དམ་ཟབ་དུ་གཏོང་བ། མུ་མཐུད་དུ་ཉོ་ཚོང་དངུལ་གཏོང་རྒྱ་བསྐྱེད་པ། ནུས་ཁུངས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་བ། འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།
ཏིང་ཞུའེ་ཞང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོབ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བ་ཡིན་པའི་ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་རྒྱབ་སྐྱོར་བྱས་ནས། ཐོན་ལས་དང་མཁོ་སྤྲོད་སྦྲེལ་ཐག་ལ་སྲུང་སྐྱོབ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཕུའུ་ཅིན་གྱིས་ཏེང་ཞུའེ་ཞང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཀྲུང་གོར་ཕེབས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད། །
འཕྲིན་སྟེགས། weikangba