ས་གནས་ཁག་གིས་འཛད་སྤྱོད་ཁོར་ཡུག་གསར་གཏོད་བྱས་ནས་འཛད་སྤྱོད་ཕུན་སུམ་ཇེ་ཚོགས་གཏོང་བཞིན་ཡོད།

2025-06-23
243

  ས་གནས་ཁག་གིས་གྲོང་ཁྱེར་གསོག་ཉར་རྒྱུ་ནོར་བེད་སྤྱོད་དང་། མཚན་མོའི་འཛད་སྤྱོད་ཁོར་ཡུག་གསར་གཏོད་བྱེད་པ། གསར་དར་ཚོང་ར་འཛུགས་པ་སོགས་ཐབས་ལམ་བརྒྱུད་ནས། འཛད་སྤྱོད་ནུས་པ་སྔོག་འདོན་བྱེད་དེ་མུ་མཐུད་དུ་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་རྒྱས་ཞིང་། གྲོང་ཁྱེར་གྱི་གསོག་ཉར་རྒྱུ་ནོར་བེད་སྤྱོད་ནས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་གཏོད་བཞིན་ཡོད། པེ་ཅིན་གྱི་ལྟེ་བ་ས་ཁུལ་དུ། གསར་དུ་བསྐྲུན་པའི་མཉམ་འབྲེལ་སྲང་ལམ་ཏ་ཅི་སྲང་ལམ་འདི། ལས་གཉེར་བྱས་ནས་ཟླ་བ་གཅིག་ལས་རེད་མེད་ཀྱང་། འགྲུལ་པ་མི་ཐེངས་ས་ཡ་གཉིས་ལས་བརྒལ་ཡོད། པེ་ཅིན་གྱིས་ལོ་ངོ་ཉིས་བརྒྱ་ལྷག་ལྡན་པའི་རིག་གནས་སྲུང་སྐྱོང་བཀོད་པ་དག རྙིང་པ་སོར་འཇོག་གསོ་སྐྱོང་བྱེད་པ་དང་། བེད་སྤྱོད་བྱེད་ཞོར་སྲུང་སྐྱོབ་བྱས་ནས། སྨི་གྲུ་བཞི་མ་འབུམ་གསུམ་ཁྲི་དྲུག་ཡོད་པའི་རིག་གནས་སྲུང་སྐྱོབ་ཁུལ་དང་ཚོང་ལས། གཞུང་སྒྲུབ། སྤྱི་གླིང་བཅས་ཟུང་དུ་འབྲེལ་བའི་སྲང་ལམ་འདི་འདྲ་ཞིག་ཆགས་པ་རེད། ཏ་ཅི་སྲང་ལམ་གྱིས་ད་དུང་རིག་གནས་སྲུང་སྐྱོབ་ཁུལ་དུ་འགྲེལ་སྟོན་རིགས་མང་པོ་དང་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོ་སྣ་མང་སྤེལ་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་རིག་གནས་དགའ་ཞེན་ཅན་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།

  ཧྥུའུ་ཅན་ཞ་མོན་གྱིས་ཞ་མོན་ཉྭ་ལས་གྲོང་ཚོ་ནས་གྲོང་ཁྱེར་དུ་བསྒྱུར་བར་བདེན་དཔང་བྱེད་པའི་ལྕགས་ལམ་རྙིང་བ་དང་བཟོ་གྲྭ་རྙིང་བ་དག  སྨི་གྲུ་བཞི་མ་ཆིག་ཁྲི་ཅན་གྱི་མེ་འཁོར་གཙོ་བོ་བྱེད་པའི་སྤྱི་གླིང་དུ་བཅོས་སྐྲུན་བྱས་ཡོད་ལ། སྤེལ་ཁུལ་དུ་བྲག་འཛེགས་དང་ལུས་སྦྱོང་། བཟའ་བཅའ་འཛད་སྤྱོད་སོགས་རིགས་སོ་སོའི་ལས་རྣམ་ནང་འདྲེན་བྱས་པར་མ་ཟད། ད་དུང་གུང་གསེང་དང་དུས་ཆེན་སྐབས་སུ་གློག་བརྙན་གཟའ་འཁོར་སོགས་རིག་རྩལ་བྱེད་སྒོ་སྤེལ་བཞིན་ཡོད།

  མཚན་མོའི་འཛད་སྤྱོད་ཁོར་ཡུག་གསར་གཏོད་འཛུགས་སྐྱོང་བྱེད་བཞིན་ཡོད་ལ། ཟླ་བ་འདི་ནས་ཟླ་བ་དགུ་པའི་བར། ཧྲང་ཧའེ་ཡིས་མཚན་མོའི་ཉོ་སྒྲུབ་དང་མཚན་སྐོར་བྱེད་པ་སོགས་གཞིར་བཟུང་ནས།  ཁྱད་ལྡན་དབྱར་གྱི་མཚན་དུས་བྱེད་སྒོ་བརྒྱ་དང་སུམ་ཅུ་ལྷག་སྤེལ་བར་མ་ཟད། སྤྱི་འཁོར་དང་འཛད་སྤྱོད་ཟུང་འབྲེལ་དང་།གྲུ་གཟིངས་ཡུལ་སྐོར་དང་འཛད་སྤྱོད་ཟུང་འབྲེལ་སོགས་ཁྱད་ལྡན་ཁོར་ཡུག་གཏོད་པ་དང་། ཚོང་ཁང་ཆེན་པོ་ཁག་གིས་དེ་དང་བསྟུན་ནས་ཚོང་གཉེར་དུས་ཚོད་ཇེ་རིང་དུ་བཏང་ནས། མཚན་དུས་འཛད་སྤྱོད་ཕུན་སུམ་ཇེ་ཚོགས་ཇེ་བཏང་ཞིང་། འཁྲབ་སྟོན་སྣ་ཚོགས་དང་གློག་བརྙན་ལྟ་ས་དེ་དག ཚོང་རའི་བཟའ་བཏུང་དང་སིལ་འཚོང་ལས་རྣམ་སོགས་མཉམ་འབྲེལ་མཉམ་སྤེལ་བྱེད་ཀྱིན་ཡོད།

  ཅི་ལིན་ཁྲང་ཁྲུན་དུ། ཚོང་ཁང་འདི་རུ་འཛུལ་དུས་རི་ཁུལ་གྲོང་ཁྱེར་ཆེན་པོ་ཞིག་ཏུ་སླེབས་པ་དང་མཚུངས་ལ། རི་ལམ་རྒྱུད་ནས་ཡར་འཛེགས་ན། བྲག་ཁུང་དང་དེའུ་འབུར། བྲག་རི། སྡོང་པོ་སོགས་གྲུབ་ཆ་མང་པོ་ཡོད་པས། ཡུལ་དངོས་ནས་རི་མགོར་འཛེགས་པའི་ཚོར་བ་མྱོང་ཐུབ། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་ལྔ་པའི་བར། ཚོང་ཁང་གི་ཉིན་རེའི་འགྲུལ་པ་མི་ཐེངས་ཁྲི་གསུམསྟོང་ལྔ་ལ་ཟིན་ཞིང་། ཉིན་རེར་ཆ་སྙོམས་ཀྱི་ཉོས་འཚོང་སྒོར་ས་ཡ་གཅིག་འབུམ་བརྒྱད་ལ་ཟིན་ཐུབ་པ་རེད།


  • 顶