ཝང་ཧུའུ་ཉིང་གིས་ཐེ་ལན་དིའི་རྒྱལ་ཚོགས་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་འགོ་འཛིན་གྱི་འགན་གཅིག་ལྕོགས་བཞེས་མཁན་ལ་ཐུག་འཕྲད་གནང་།

2025-06-23
261

  ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཐེ་ལན་དིའི་རྒྱལ་ཚོགས་ཀྲུའུ་ཞི་དང་གྲོང་ཁང་འོག་མའི་འགོ་འཛིན་གྱི་འགན་གཅིག་ལྕོགས་བཞེས་མཁན་ཝན་ནོར་ལ་ཐུག་འཕྲད་གནང་བ་རེད།

  ཝང་ཧུའུ་ཉིང་གིས་ད་ལོའི་ཟླ་བ་གཉིས་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོར་འཚམས་འདྲི་གནང་བའི་ཙུང་ལི་ཕའེ་ཐུང་ཐན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཐེ་ལན་དིའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ་བཅས་ལ་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་མུ་མཐུད་དེ་ཁ་ཕྱོགས་གསལ་པོ་བཏོན་པ་རེད། ཀྲུང་གོས་ཐེ་ལན་དི་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་དེ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ཐེ་ལན་དིའི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དང་། ཀྲུང་གོ་དང་ཐེ་ལན་དིའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་ཆབ་སྲིད་དང་དཔལ་འབྱོར། དམངས་ཀྱི་འདོད་བློ་རྨང་གཞི་ཇེ་བརྟན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྐུལ་སྤེལ་ལ་བྱས་རྗེས་ཆེན་མོ་འཇོག་འདོད་ཡོད་ཅེས་གསུངས་པ་རེད།

  ཝན་ནོར་གྱིས་ཐེ་ལན་དི་དང་ཀྲུང་གོའི་མཛའ་མཐུན་གྱི་ཆུ་རྒྱུན་ཟད་རྒྱུ་མེད་ལ།ཐེ་ལན་དི་དང་ཀྲུང་གོ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པ་ཀུན་གྱི་སེམས་ལ་ཟུག་ཡོད། ཐེ་ལན་དིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་དང་།  ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཇེ་དྲག་གཏོང་འདོད་ཡོད། ད་ལོ་ནི་ཐེ་ལན་དི་དང་ཀྲུང་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་རེད། ཐེ་ལན་དིའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་བརྗེ་རེས་མཉམ་ལས་ཇེ་དྲག་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་དར་རྒྱས་སྐུལ་་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཧུའུ་ཁྲེང་ཧྭ་དང་ཝང་ཏུང་ཧྥོང་སོགས་ཐུག་འཕྲད་ནང་ཞུགས་པ་རེད།


  • 顶