༢༠༢༤ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་སྐབས་གསུང་བཤད་གནང་དོན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་དངུལ་རྩའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་གཏོང་དགོས་ཏེ། ཚན་རིག་དང་མཐུན་ཞིང་བརྟན་བརླིང་ཡིན་པའི་དངུལ་རྩའི་སྙོམས་སྒྲིག་མ་ལག་དང་གྲུབ་ཚུལ་ཚད་དང་ལྡན་པའི་དངུལ་རྩའི་ཚོང་རའི་མ་ལག ལས་བགོས་མཉམ་ལས་ཡོད་པའི་དངུལ་རྩའི་སྒྲིག་གཞིའི་མ་ལག འཐུས་སྒོ་ཚང་ཞིང་ཕན་ནུས་ལྡན་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག ཆེད་ལས་སྣ་མང་ཅན་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག རང་བདག་ཚོད་འཛིན་ཐུབ་པའི་བདེ་འཇགས་ནུས་ཆོད་ཆེ་བའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་འཛུགས་སྐྱོང་བྱེད་ཅིང་འཐུས་སྒོ་ཚང་དུ་གཏོང་དགོས།
འཕྲིན་སྟེགས། weikangba