གཉིས་པའི་ཚེས་གཅིག་ནས་གཉིས་ཉིན་བར་ཞི་ཅིན་ཕིང་གིས་ཐན་ཅིན་དུ་གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་ཞིབ་མཛད་སྐབས་གསུང་བཤད་གནང་དོན། རིག་གནས་ལ་བརྟེན་ནས་མི་གཤིས་སྐྱོང་བ་དང་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་བཏགས་པ།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ།རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་བཅས་བྱེད་དེ་་གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་དང་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ་དེ་ནི། གྲོང་ཁྱེར་གྱི་རིག་གནས་འཛིན་སྐྱོང་སླེལ་བ་དང་གྲོང་ཁྱེར་གྱི་ཤེས་དཔལ་ཕུན་ཚོགས་སྐྱོང་བའི་དམིགས་ཡུལ་ཡིན།ཐེན་ཅིན་གྱིས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་།ལོ་རྒྱུས་རིག་གནས་ཤུལ་བཞག་དང་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་བ།ཁྱད་ཆོས་མངོན་གསལ་དོད་པོ་དང་ནང་དོན་གཏིང་ཟབ་པའི་རིག་གནས་སྤུས་རྟགས་གཏོད་པ་བཅས་བྱས་ནས་ཐེན་ཅིན་གྱི་དེང་རབས་ཅན་དུ་འགྱུར་བའི་རྣམ་པ་གསར་པ་སྔར་བས་མངོན་པར་བྱ་དགོས།
འཕྲིན་སྟེགས། weikangba