ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུ་ལ་ཐུག་འཕྲད་གནང་བ།

2025-06-19
316

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་པོ་དང་། མཉམ་ལས་ཀྱི་འདོད་བློ་དྲག་པ། གསབ་རེས་ལེགས་པོ་བཅས་ཀྱི་ལེགས་ཆ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྨང་གཞིའི་ཐོག མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད། གཞི་ཁྱོན་བཅས་ཁྱོན་ཡོངས་ནས་ཇེ་ཆེར་བཏང་ནས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གྲོས་གཞི་དང“དར་གོས་ཚོང་ལམ་བསྐྱར་དར་བྱེད་པའི”འཐབ་ཇུས་སྦྲེལ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་མཉམ་ལས་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཉོ་ཚོང་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ས་ཁུལ་གྱི་འབྲེལ་མཐུད་ཆུ་ཚད་མཐོ་རུ་གཏོང་བ། ཕན་ཚུན་དུ་རིག་གནས་ལོ་གཉེར་བའི་རྨང་གཞིའི་ཐོག་མི་ཆོས་བརྗེ་རེས་བྱེད་སྒོ་དེ་བས་མང་པོ་གཉེར་ནས། ཕན་ཚུན་རིག་གནས་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དམངས་སེམས་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག“སྟོབས་ཤུགས་ཁག་གསུམ”ལ་རྡུང་རྡེག་བཏང་ནས། དྲ་རྒྱའི་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་མཚེས་བདེ་འཇགས། ཁྱིམ་མཚེས་ཕྱུག་འགྱུར་བྱེད་པ་དང་། མཛའ་མཐུན་ལྷག་བསམ་གྱི་ཕན་ཚུན་ཁོང་ཡངས་བྱེད་པ་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ལས་སྟེགས་གཙོ་བོར་བྱས་ཏེ། ཐུའུ་ཁུའུ་མན་སི་ཐན་ཚུད་པའི་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་དང་། ཨ་ཧྥུ་ཧན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་ལྔ་པ་ལེགས་པོར་གཉེར་བ་ལ་རྒྱབ་སྐྱོར་བྱས་ནས། ཐུའུ་ཁུའུ་མན་སི་ཐན་ནི་ཡུན་རིང་བར་གནས་རྒྱལ་ཁབ་ཡིན་པའི་ངོས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་དེ་ལས་ཆེ་བ་འདོན་སྤེལ་བྱེད་རྒྱུར་དགའ་བསུ་བྱེད་ཀྱིན་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། 

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུ་ལ་ཐུག་འཕྲད་གནང་།

པའེ་ཨེར་ཏི་མུའུ་ཧ་མའེ་ཏུའོ་ཧྥུ་ཡིས་བསྟན་དོན། ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་པར་ཧ་ཅང་དགའ་པོ་བྱུང་། རྩེ་ཚོགས་ཀྱིས་ཡ་གླིང་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཡང་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་བར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་མཉམ་ལས་ཁྱོན་ཡོངས་ནས་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོར་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། འཕྲུལ་ཆས་བཟོ་སྐྲུན་དང་འཁལ་འཐག་སོགས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ།སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་དམ་ཟབ་དུ་གཏོང་བ། ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད། 

ཐུག་འཕྲད་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་ཁྱབ་བསྒྲགས་བྱས་པར་ཐུན་མོང་ཐོག་བདེན་དཔང་བྱས། 

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད། །


  • 顶