ཞི་ཅིན་ཕིང་གིས་ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

2025-06-19
462

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོས་པེ་ཅིན་དང་ཨ་སི་ཐ་ན་དུ་ཐུག་འཕྲད་ཐེངས་གཉིས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་འཆར་འགོད་བྱས་པས། ཀྲུང་གོ་དང་ཝུའུ་ཚི་པའེ་ཁི་སི་ཐན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཉིན་རེ་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཚི་པའེ་ཁི་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་གྲངས་དེ་བས་མང་པོ་ལག་བསྟར་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་རོགས་རམ་བྱས་ནས་སྔར་ལས་ནང་དོན་དང་གསོན་ཤུགས་ཀྱིས་ཕྱུག་པའི་ཀྲུང་གོ་དང་ཝུའུ་ཚི་པའེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཚི་པའེ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བྱེད་ཐབས་དེ་བས་མང་པོ་འདོན་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་རྒྱ་ཆེར་གཏོང་བ། ཀྲུང་ཅི་ཝུའུ་ལྕགས་ལམ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་བྱས་ཏེ། ལངས་གཟུགས་ཅན་གྱི་འབྲེལ་མཐུད་རྣམ་པ་གཏོད་པ་དང་། མི་ཐབས་རིག་ནུས་དང་ནུས་ཁུངས་གསར་པ། བློ་རིག་ཞིང་ལས། སྤྱི་པའི་འཕྲོད་བསྟེན་སོགས་གསར་དར་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕན་ཚུན་དུ་རིག་གནས་ལྟེ་གནས་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་་གཏོང་བ་དང་། སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཡག་པོར་གཉེར་བ། དབུལ་པོ་ཉུང་གཏོང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛིན་བདེ་འཇགས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག"སྟོབས་ཤུགས་གསུམ"ལ་རྡུང་རྡེག་གཏོང་བ། འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ལག་གདང་སྦྲེལ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཐོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། 

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཝུའུ་ཚི་པའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་ཞིག་ཡིན་ཞིང་། ཀྲུང་གོར་མགོ་ཁྲིད་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱི་ནང་སྲིད་ཇུས་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གཡུར་དུ་ཐོན་པ་དང་། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེང་སྐབས་འཛམ་གླིང་གི་གནད་དོན་གལ་ཆེན་གང་རུང་ཐག་གཅོད་བྱ་རྒྱུར་ཚང་མ་ཀྲུང་གོ་དང་ཁ་འབྲལ་ཐབས་མེད། ཝུའུ་ཚི་པའེ་ཁི་སི་ཐན་དང་ཀྲུང་གོ་ནི་སྤུན་ཟླ་ལྟ་བུ་ཡིན་པ་་དང་། རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ལ་ཁྱབ་ཁོངས་ཁག་གི་མཉམ་ལས་སྟོབས་ཆེ་བས།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སུ་བསླེབས་ཡོད། ཝུའུ་ཚི་པའེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝུའུ་ཚི་པའེ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་ཡིན། ཝུའུ་ཚི་པའེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཉོ་ཚོང་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། མཐོ་གསར་ལག་རྩལ་དང་ཕན་ཚུན་འབྲེལ་མཐུད། ཞིང་ལས། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས།"སྟོབས་ཤུགས་ཁག་གསུམ"ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ཝུའུ་ཚི་པའེ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་ལེན་གཏིང་ཟབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་སྲུང་སྐྱོང་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། དབྱི་སི་རལ་གྱིས་དབྱི་རན་ལ་དམག་དོན་འགུལ་སྐྱོད་སྤེལ་བས། དབུས་ཤར་ས་ཁུལ་གྱི་དུས་བབ་གློ་བུར་དུ་ཛ་དྲག་ཏུ་ཕྱིན་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་གཞན་གྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ལ་བཙན་གནོད་བྱེད་པའི་འགུལ་སྐྱོད་གང་རུང་ལ་ང་ཚོས་ངོ་རྒོལ་བྱེད་བཞིན་ཡོད། དམག་དོན་གདོང་ཐུག་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་མིན་པ་དང་། ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་འགྲོ་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མི་མཐུན། ཕྱོགས་སོ་སོས་གདོང་ཐུག་གང་མགྱོགས་ཀྱིས་ཞི་ལྷོད་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཛ་དྲག་གི་གནས་ཚུལ་སྔར་བས་ཇེ་ཆེར་འགྲོ་བར་གཡོལ་ཐབས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།

ཐུག་འཕྲད་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་ཝུའུ་ཚི་པའེ་ཁི་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་པར་བདེན་དཔང་བྱས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱ་འགུལ་ལ་ཞུགས། ། 


  • 顶