
ཟླ6པའི་ཚེས15ཉིན་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་སྐུལ་འདེད་ཚོགས་འདུ་ཧྥུའུ་ཅན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་སྐུལ་འདེད་ཚོགས་འདུ་ཧྥུའུ་ཅན་ཞ་མོན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་དང་འགན་འཁྲི་གལ་ཆེན་ལྡན་ཡོད། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་ལ་དམིགས་ནས། འགན་འཁྲི་ཁག་འཁུར་ལ་ཤུགས་སྣོན་རྒྱག་པ་དང་། འཆར་འགོད་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ། གསར་གཏོད་རང་བཞིན་གྱི་བྱེད་ཐབས་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་པོ་འདོན་དགོས། ཧྥུའུ་ཅན་གྱིས་ཐའེ་ཝན་ལ་འཛིན་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་སྔོན་སྐྱོད་དཔེ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། སྲིད་ཇུས་དང་ལམ་ལུགས་གསར་གཏོད་བྱེད་པར་ཤུགས་བསྣན་ཏེ ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམ་འཛིན་བྱས་ཏེ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱས་ནས། གསར་གཏོད་དང་ཚད་བརྒལ་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཐའེ་ཝན་དང་འབྲེལ་བ་ཡོད་པའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་ལ། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་ལ་སེམས་ཁུར་དང་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་དེ་བས་མང་པོ་སྐམ་ས་ཆེན་པོར་ཡོང་ནས་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་རྒྱུར་ཡིད་དབང་འགུག་དགོས། ཐའེ་ཝན་སྤུན་ཟླ་ལ་བརྩི་བཀུར་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་རྒྱུན་ལྡན་ཅན་དང་སྤེལ་རེས་མཉམ་ལས་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་སྤུན་ཟླའི་མཉམ་འདྲེས་དང་ཁོངས་གཏོགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ།ངོགས་གཉིས་ཀྱི་སྤུན་ཟླ་སེམས་ཁམས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཐའེ་ཝན་གྱི་གཞོན་ནུ་སྐམ་ས་ཆེན་པོར་ཡོང་ནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཤར་གཏོང་བྱས་ནས་ངོགས་གཉིས་ཀྱི་གཞོན་ནུའི་ཐུན་མོང་གི་གྲོགས་པོའི་ཁྱབ་ཁོངས་དང་བྱ་གཞག་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས།
ཀྲུང་དབྱང་ཐའེ་ཝན་གཞུང་དོན་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ཧྥུའུ་ཅན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་ངོ་སྤྲོད་གནང་བ་རེད། སློབ་གསོ་པུའུ་དང་ནོར་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་གནས་སྤོར་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་བ་རེད། །
འཕྲིན་སྟེགས། weikangba