བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དུས་ཡུན་འབྲིང་རིང་གི་འཆར་གཞི་སྤྱད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་པ་འགྲེམ་སྤེལ་བྱས།

2025-06-17
320

    བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དུས་ཡུན་འབྲིང་རིང་གི་འཆར་གཞི་སྤྱད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་པ་འགྲེམ་སྤེལ་བྱས།
        
ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་དཔར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་གཉིས་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དུས་ཡུན་འབྲིང་རིང་གི་འཆར་གཞི་སྤྱད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་པ་འགྲེམ་སྤེལ་བྱས་པ་རེད། བརྩམས་ཆོས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བ་བཅུ་པ་ནས་ཉིས་སྟོང་ཉེར་ལྔ་ལོའི་ཟླ་བཞི་བའི་བར་གྱི་འབྲེལ་ཡོད་བརྗོད་པ་གལ་ཆེན་གྱི་གནད་བསྡུས་བཀོད་ཡོད་ལ།རྩོམ་ཡིག་ནང་དུ། ཚན་རིག་དང་མཐུན་པས་ལོ་ལྔའི་འཆར་གཞི་གཏན་འབེབས་དང་རྒྱུན་མཐུད་ངང་ལག་བསྟར་བྱ་རྒྱུ་ནི། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལེགས་ཆ་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་གཞི་ཨང་དང་པོ་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་བར། འགྱུར་མེད་ཀྱི་བརྗོད་དོན་དེས་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ལ་འཛུགས་སྐྲུན་ཐུབ་ངེས་རེད་ཅེས་བསྟན་ཡོད།

       རྩོམ་ཡིག་ནང་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ལ་འགྲེལ་བཤད་ཟབ་མོ་བྱས་ཡོད་ལ།དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཤུགས་འདོན་པའི་ཆེས་མཐོའི་འཆར་འགོད་རིམ་པ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རིམ་དང་ཁྱབ་ཁོངས་བགོས་ནས་ཤུགས་འདོན་དགོས་ཤིང་། དུས་རིམ་རེ་རེའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་རྒྱུ་དང་། ཁྱབ་ཁོངས་ཁག་གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཉིས་འདྲ་འདྲ་འཆར་འགོད་རིམ་མཐོ་བྱ་དགོས། འཛམ་གླིང་འཕེལ་ཕྱོགས་ཆེན་པོར་བརྟག་ཞིབ་ཟབ་མོ་་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་རེ་འདུན་ཅི་ཡོད་ཐད་ཀར་དམ་འཛིན་བྱེད་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཟབ་མོ་བྱས་ནས། གཏན་འབེབས་བྱེད་པའི་འཆར་འགོད་དང་སྲིད་ཇུས་མ་ལག་ལས་དུས་རབས་ཅན་མངོན་པ་དང་ཆོས་ཉིད་རྟོགས་པ། གསར་རྩོམ་ནུས་པ་མངོན་པར་བྱེད་དགོས། གོང་རིམ་ཇུས་འགོད་ཇེ་དྲག་དང་དམངས་ལ་ཇུས་འདྲི་བ་རྒྱུན་འཁྱོངས་གཅིག་གྱུར་བྱེད་པ། སྤྱི་ཚོགས་ཀྱི་རེ་སྒུག་དང་མང་ཚོགས་ཀྱི་ཤེས་རིག  ཆེད་མཁས་པའི་བསམ་འཆར། གཞི་རིམ་ཉམས་མྱོང་བཅས་འཆར་གཞི་བཟོ་འགོད་ནང་བསྡུ་དགོས་ཞེས་བཏོན།
  རྩོམ་ཡིག་ནང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་གི་་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱེད་པར།ངེས་པར་དུ་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་དུས་རིམ་གྱི་བླང་བྱ་ཁོང་དུ་ཆུད་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་རླབས་ཆེན་བསྐྱར་དར་ལྟར། གཞི་རྩའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་སྒྲུབ་པར་མངོན་པར་དམིགས་པར་གཞིགས་ནས། ཁྱབ་ཁོངས་རེ་རེ་བཞིན་དམིགས་འབེན་ལས་འགན་ལུགས་མཐུན་གྱིས་གཏན་འབེབས་དང་བསམ་བློའི་བྱེད་ཐབས་འདོན་དགོས། ཕྱོགས་སོ་སོས་དམིགས་འབེན་ལས་འགན་ལ་དམིགས་ནས། རིགས་པས་སྒྲུབ་པ་ལ་དབྱེ་ཞིབ་ཟབ་མོ་བྱེད་དེ། ཚན་རིག་དང་ཐད་ཀར་དུས་ཐོག་ཏུ་མངོན་འགྱུར་བྱ་ཐུབ་དགོས།གཅིག་འགྱུར་འཆར་འགོད་བྱས་ནས་སྤྱིའི་དམིགས་འབེན་དང་མཐུན་པ་རྒྱུན་འཁྱོངས་བྱེད་དགོས། ས་གནས་ཁག་གི་རང་གི་འཆར་གཞི་བཟོ་འགོད་བྱེད་དུས་དོན་དངོས་དང་ཟུང་འབྲེལ་བྱས་ནས།དོན་དངོས་བདེན་འཚོལ་དང་འཆར་འགོད་ལག་བསྟར་ནུས་པ་དང་དོན་འཁྱོལ་ནུས་པ་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། 

  • 顶