རང་རྒྱལ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ།

2025-06-17
273

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ཚེས15ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད2013ལོའི་སྒོར་དུང་ཕྱུར3120.4ནས2024ལོའི་སྒོར་དུང་ཕྱུར6741.5བར་རྒྱ་སྐྱེད་དེ116%འཕར་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད7.3%ལ་སླེབས་ནས། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཧྲིལ་པོའི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་ཚེག2.3ལས་མཐོ་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཡོད།

ད་ལོ་ནས་བཟུང་། རང་རྒྱལ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་བར་གྱི་ཉོ་ཚོང་གི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་ཡོད། ཟླ་སྔོན་མ5ཡི་རིང་། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2864.2ལ་སླེབས་པ་དང་། དུས་མཉམ་ལས10.4%འཕར་ནས། གཞི་ཁྱོན་དེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར1881.8ལ་སླེབས་པ་དང་། 5.6%འཕར་ཡོད། ནང་འདྲེན་སྒོར་དུང་ཕྱུར982.4ལ་སླེབས་པ་དང་། དུས་མཉམ་ལས21%འཕར་ཡོད།

རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་ཞིང་ལས་མངའ་ཁོངས་དང་མཉམ་ལས་སྦས་ཤུགས་ཧུར་ཐག་གིས་སྔོག་འདོན་བྱས་ནས། ཨེ་ཤེ་ཡ་དབུས་མའི་ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་མང་པོ་ཀྲུང་གོའི་ཚོང་རར་ཐོན་ཡོད། ད་ལོའི་ཟླ་སྔོན་མ5ཡི་ནང་རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ནས་ཞིང་ལས་ཐོན་རྫས་སྒོར་དུང་ཕྱུར43.6ནང་འདྲེན་བྱས་པ་དེ26.9%འཕར་ཡོད། དེའི་ནང་ཧ་སག་སི་ཐན་དུ་ནང་འདྲེན་བྱས་པའི་ཟར་མ202.1%འཕར་བ་དང་། ཨུ་ཟ་བྷེ་ཁི་སི་ཐན་དུ་ནང་འདྲེན་བྱས་པའི་རྒུན་འབྲུམ་སྐམ་པོ153.7%འཕར་བ། ཅིར་ཅི་སི་ཐན་དུ་ནང་འདྲེན་བྱས་པའི་སྦྲང་རྩི་ལྡབ10.9འཕར་ཡོད།

དེ་དང་ཆབས་ཅིག་ཆུ་ཚད་མཐོ་བའི་ཕན་ཚུན་འབྲེལ་མཐུད་དྲ་རྒྱ་བསྐྲུན་པ་ལས་མཐའ་འཁོར་གྱི་བགྲོད་ལམ་རྒྱུན་མཐུད་ངང་ལེགས་སྒྱུར་བྱུང་བ་དང་། གཞུང་ལམ་སྐྱེལ་འདྲེན་གྱིས་རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་བྱེད་པའི་བསྡུར་ཚད་དེ2020ལོའི19.9%ནས2024ལོའི51.8%བར་མཐོ་རུ་ཕྱིན་ཡོད། ད་ལོའི་ཟླ་སྔོན་མ5ཡི་རིང་། རང་རྒྱལ་གྱིས་གཞུང་ལམ་སྐྱེལ་འདྲེན་གྱི་རྣམ་པས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུང་ཕྱུར1436.5ཟིན་པ་དང་། 10.9%འཕར་ཡོད་དེ། བསྡུར་ཚད་རྒྱུན་མཐུད་ངང་བཅུ་ཆའི་ལྔ་རྒྱུན་འཁྱོངས་བྱས་ཡོད། །


  • 顶