སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རིམ་སྤར་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ཁྱབ་ཁོངས་སྔར་བས་རྒྱ་ཆེན་པོ་དང་། རིམ་སྔར་བས་ཟབ་མོའི་ཐོག་ནས་འཚོལ་ཞིབ་བཅས་བྱས་ནས་ཆུ་ཚད་སྔར་བས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་ཅི་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་། ད་ལོ་ནས་བཟུང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སོ་སོས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོས་རྒྱ་བསྐྱེད་པ་དང་། ཐོན་ལས་མ་ལག་ཡོངས་ཀྱི་གསར་གཏོད་འཕེལ་རྒྱས་གོང་དུ་སྤེལ་ནས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་བཅུག་པ་རེད།
ལྡོག་ཕྱོགས་རྩིས་ཐོ་གཅིག་དང་ཁྲོམ་རའི་ནང་ཞུགས་ཚད་བཀག་ཇེ་ལྷོད་བཏང་ནས་ཚོང་གཉེར་བྱེད་མཁན་གྱི་གསོན་ཤུགས་རྒྱས་ཤིང་ཡོད།བྱེད་ནུས་མང་བའི་ཐོ་ཁོངས་ཤིག་གིས་མ་དངུལ་རྒྱལ་ཁོངས་བརྒལ་ནས་འཁོར་རྒྱུག་ལ་སྟབས་བདེ་བསྐྲུན་ནས་རྒྱལ་ནང་གི་སྒྲིག་སྲོལ་དང་རྒྱལ་སྤྱིའི་བར་འབྲེལ་བ་ཐུབ་པར་བྱས། སྒེའུ་ཁུང་སྣ་རྐྱང་གཅིག་ནས་མ་ལག་ཡོངས་དང་གོ་རིམ་ཡོངས་ཀྱི་ཞབས་ཞུ་གཅིག་ཏུ་བསྡུས་ནས་འགག་སྒོ་བརྒལ་བའི་ལས་ཆོད་ཇེ་མཐོར་ནུས་ལྡན་བཏང་ཡོད།
བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚོད་ལྟའི་ཞིང་ཁ་ཡིན་པའི་ཆ་ནས་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཉེར་གཉིས་དེ་ཤར་ལྷོ་ནུབ་བྱང་དབུས་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་གནས་བབ་ཡོངས་ལ་ཁེབས་པ་དང་། སྟོང་ཆའི་བཞི་ལས་མི་ཟིན་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་ས་ཁྱོན་ཐོག་རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་ལ་ཟིན་པའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ཟིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྱོང་ལ་མཐོང་ཆེན་བླ་མེད་གནང་གི་ཡོད་ལ། ཐེངས་མང་པོར་ཡུལ་དངོས་སུ་རྟོག་ཞིབ་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ཀྲུང་གོས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁའི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ་དང་། ཉོ་ཚོང་དང་མ་དངུལ་གཏོང་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བཅོས་བསྒྱུར་གསར་གཏོད་ཟབ་མོ་བྱེད་པ། ཆུ་ཚད་སྔར་བས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་ལམ་ལུགས་གསར་པ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གསུང་གནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ལུགས་ནང་རྐྱེན་ལ་བཀོད་སྒྲིག་བྱས་ཤིང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གོང་སྤར་འཐབ་ཇུས་ལག་བསྟར་བྱེད་དགོས་པ་བཏོན། ཐོག་གཏོད་རང་བཞིན་དང་གཅིག་འདུས་རྣམ་པ་འཚོལ་ཞིབ་ལ་སྐུལ་ལྕག་བཏང་བ་རེད།
སྤྱི་ཁྱབ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཁ་ཕྱོགས་ལྟར། ས་གནས་ཁག་གིས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་པོའི་ངང་སྤེལ་བ་དང་། ཁྱབ་ཁོངས་གཙོ་བོར་དམིགས་ནས་འཚོལ་ཞིབ་དང་གསར་གཏོད་མགྱོགས་མྱུར་བྱེད་བཞིན་ཡོད་པ་རེད། ཧྲང་ཧའེ་དབྱང་ཧྲན་གྲུ་ཁ་རུ། རྒྱལ་སྤྱིའི་མཚོ་འགྲུལ་གྲུ་གཟིངས་ཀྱི་མཚོ་འགྲམ་ཟུར་སྐྱེལ་ལས་སྒྲུབ་ཚོད་ལྟའི་ས་ཚིགས་ད་ལོར་མུ་མཐུད་དེ་རྒྱ་སྐྱེད་པ་དང་། ཕྱི་རྒྱལ་གྱི་གྲུ་གཟིངས་དབྱང་ཧྲན་གྲུ་ཁ་དང་ཏ་ལེན་གྲུ་ཁ། ཐེན་ཅིན་གྲུ་ཁ། ཆིང་ཏའོ་གྲུ་ཁ། ལེན་ཡུན་ཀང་གྲུ་ཁ་བར་ཕྱི་ཚོང་དངོས་ཟོག་སྐྱེལ་བྱེད་ཆོག་པ་རེད། མཚོ་འགྲམ་ཟུར་སྐྱེལ་བྱེད་པ་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ཁྱབ་ཁོངས་སུ་སྒོ་འབྱེད་པའི་ཐོལ་བརྒལ་གལ་ཆེན་ཐེངས་ཤིག་ཡིན་པ་དང་། དེ་ལས་དབྱང་ཧྲན་གྲུ་ཁ་ནི་འཛམ་གླིང་གི་འགག་མདོའི་གྲུ་ཁ་ཆེན་པོའི་ཕྱོགས་སུ་སྐྱོད་པ་མཚོན་ཐུབ། ད་ལྟ་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་པའི་སྤྱིའི་འཆར་འགོད་བརྒྱ་ཆའི་གོ་ལྔ་ལག་བསྟར་བྱས་ཤིང་། ཚོང་ཟོག་དང་ཞབས་ཞུ། མ་དངུལ། མི་སྣ། གཞི་གྲངས་བཅས་མངའ་ཁོངས་ལས་བརྒལ་བའི་འཁོར་སྐྱོད་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད། ད་ལོར་ཧྲང་ཧའེ་ཡིས་ཕུའུ་ཏུང་གིས་ཚོང་རའི་ནང་ཞུགས་ཚད་ཇེ་ཡང་བཏང་བའི་དམགས་བསལ་སྲིད་ཇུས་བྱེད་ཐབས་བཏོན་པ་དང་། ཁག་གཉིས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་མཉམ་འབྲེལ་གསར་གཏོད་ཁུལ་འཛུགས་སྐྲུན་བྱེད་པ་དང་། གནས་ཐང་འཕར་བའི་གློག་འཕྲིན་ལས་རིགས་ཇེ་ཟབ་བཏང་ནས་སྒོ་འབྱེད་ཀྱི་ཚོད་ལྟ་རྒྱ་སྐྱེད་པ། རྒྱལ་སྤྱིའི་གཞི་གྲངས་དཔལ་འབྱོར་གྱི་ཐོན་ལས་སྤེལ་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་རེད།
ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིན་ཀང་སྤེལ་ཁུལ་གསར་པའི་དོ་དམ་ཨུ་ལྷན་ལམ་ལུགས་ཁྲུའུ་ཡི་འགོ་འཛིན་གཞོན་པ་ལིན་ཧེ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་དག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་དང་གསར་དར་དངུལ་རྩ། ནུས་རིམ་མཐོ་བའི་མཚོ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་གཙོ་བོའི་ནང་ཆུ་ཚད་སྔར་ལས་མཐོན་པོས་ཕྱི་ཕྱོགས་སྒོ་འབྱེད་བྱས་ནས། ལན་ཀང་སྤེལ་ཁུལ་གསར་པའི་ཚོད་ལྟའི་ལམ་ལུགས་དང་གནོན་འཚོལ་ནུས་པ། ཐབས་ལམ་གསར་པའི་ཚོད་ལྟའི་ཁུལ་གྱི་ནུས་པ་ཡག་པོ་བཏོན་ཡོད་ཅེས་བཤད།
རྒྱལ་སྤྱིའི་ཚད་གཞི་མཐོན་པོ་ཚགས་ཇེ་དམ་གཏོང་བར་དམིགས་ཏེ་ད་ལོ་ནས་བཟུང་ས་གནས་ཁག་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ལམ་ལུགས་ཅན་དང་སྲིད་ཇུས་ཅན་གྱི་གྲུབ་འབྲས་ཁག་ཅིག་བཏོན་པ་རེད། ཧྲན་ཏུང་ཆིན་ཏོ་རུ་ཆེད་ཁེའི་འདུས་གྲུབ་རྣམ་པའི་ཐོན་རྫས་ཉེན་འགོག་གི་ཕན་འབྲས་ལས་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ལ་སྲུང་སྐྱོང་གནད་ལ་འཁེལ་ཞིང་གཏིང་ཟབ་པ་ཞིག་མཁོ་འདོན་བྱས་ཡོད། ཧྥུའུ་ཅན་ཞྭ་མེན་དུ། ཚོད་ལྟའི་གནས་ཀྱིས་རིག་ནུས་གློག་འཕྲིན་རིམས་ནད་ཞིབ་བཤེར་བྱས་ཤིང་། སྔོན་དཔག་ལྟར་ན་ལོ་རེར་གྲུ་གཟིངས་ཀྱིས་རིམས་ནད་ཞིབ་བཤེར་ལ་སྒུག་པའི་དུས་ཡུན་ཆུ་ཚོད་སྟོང་ལྷག་ཇེ་ཉུང་གཏོང་ཐུབ།
ཀྲུང་གོའི་ཧྥུའུ་ཅན་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱིས་ཞཱ་མེན་འདུས་ཁུལ་དོ་དམ་ཨུ་ལྷན་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་འགོ་འཛིན་ཀྲང་ཧེའུ་ཆུང་གིས། ང་ཚོས་ལམ་ལུགས་གསར་གཏོད་གཙོ་བོར་འཛིན་པ་དང་མུ་མཐུད་དེ་སྤོབས་པ་ཆེན་པོས་ཚོད་ལྟ་དང་སྒྲུབ་ཕོད་པ། རང་བདག་བཅོས་བསྒྱུར་བཅས་བྱེད་པར་མ་ཟད། ཁྲེང་ཏུའུ་དང་ཉིང་པའོ་སོགས་རང་མོས་ཉོ་ཚོང་ཁུལ་གྱིས་བགྲོད་ལམ་འབྲེལ་མཐུད་དང་ཐོན་ལས་འབྲེལ་མཐུད། ཕྱིར་སྐྱོད་པའི་ཞབས་ཞུའི་འབྲེལ་མཐུད་ཐད་ཀྱི་མཐུན་སྦྱོར་ཇེ་དྲག་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དེ་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད།
ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་གཉིས་ལ་ཟིན་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་ཚེག་གཉིས་འཕར། རྒྱང་སྐྱོད་གསར་པའི་ཐོག ས་གནས་ཁག་གིས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཇེ་དྲག་གཏོང་བར་དམིགས་ནས། ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དང་། གཞི་གྲངས་ནུས་མཐོ་དང་སྟབས་བདེ། བདེ་འཇགས་འཁོར་སྐྱོད་སོགས་ཐད། སྔར་ལས་ནུས་ཤུགས་ཆེ་བའི་ལམ་ལུགས་ཅན་གྱི་སྒོ་འབྱེད་ཚོད་ལྟ་སྤེལ་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་འཛུགས་སྐྱོང་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བཞིན་ཡོད་པ་རེད།
འཕྲིན་སྟེགས། weikangba