གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས།

2025-06-12
461

  ཟླ་6ཚེས་9ཉིནདམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་སེལ་བ་དང་སེམས་ཁྲལ་ཐག་གཅོད་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད། 

  བསམ་འཆར་ནང་ཡོང་འབབ་དམའ་བའི་ཚོགས་སྤྱིར་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།     ཡོང་འབབ་དམའ་བའི་མི་འབོར་ངོས་འཛིན་བྱེད་ཐབས་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཐབས་གཏན་འབེབས་བྱས་ཏེ། འཚོ་བའི་འགན་བཅོལ་མཐའ་མཚམས་ཀྱི་ཁྱིམ་ཚང་དང་འགྲོ་སོང་དཀའ་ངལ་ཆེ་བའི་ཁྱིམ་ཚང་ངོས་འཛིན་ཕྱོགས་ཡོངས་ནས་བྱེད་དགོས།    

   འཚོ་བའི་འགན་སྲུང་ཚད་གཞི་དམའ་ཤོས་ལུགས་མཐུན་ངང་གཏན་འཁེལ་དང་ལེགས་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་དང་ཟུང་འབྲེལ་བྱེད་དགོས།    

   གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལུགས་མཐུན་ངང་མཐོ་རུ་གཏོང་དགོས། རྩལ་ནུས་ཤེས་ལྡན་མི་སྣའི་གླ་ཕོགས་དམའ་ཤོས་རིགས་དབྱེའི་དཔྱད་གཞིར་མཛུབ་ཁྲིད་བྱེད་དགོས།

  • 顶