དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་ཕྱོགས་རྒྱུན་འཁྱོངས་བྱ་དགོས།
རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་སྐོར་ལ་ངས་ནན་བཤད་གཅིག་ཁོ་ན་བྱེད་རྒྱུ་ནི་མུ་མཐུད་དུ་སྤོབས་པ་ཆེན་པོས་བསྒྱུར་བཅོས་བྱེད་པ་དང་།རིག་གནས་བྱ་གཞག་ཁྱོན་ཡོངས་ནས་དར་རྒྱས་གོང་འཕེལ་དང་རིག་གནས་ཐོན་ལས་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མཉམ་དུ་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་དང་ཐོན་ལས་ཀྱི་ངོ་བོ།སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཅས་ཀྱི་འབྲེལ་བ་དམ་འཛིན་ཡག་པོ་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་མར་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས།
༢༠༡༣ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba