ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་བཞི་པར་གཙོ་སྐྱོང་གནང་།

2025-06-10
210

  ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རྩལ་གྲུབ་འབྲས་བེད་སྤྱོད་ནང་རྐྱེན་བཅོས་སྒྱུར་ཟབ་སྤེལ་བཏང་ནས།  ཚན་རྩལ་གསར་གཏོད་དང་ཐོན་ལས་་གསར་གཏོད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་ཞེས་པའི་བརྗོད་དོན་གཙོ་བོར་བཟུང་ནས། ཆེད་དོན་སློབ་སྦྱོང་ཐེངས་བཅུ་བཞི་པ་སྤེལ་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཟབ་མོལ་བྱས་ནས། ཕྱོགས་མང་པོས་མཐུན་སྦྱོར་ཤུགས་སྣོན་དང་ཚན་རྩལ་གྲུབ་འབྲས་བེད་སྤྱོད་ཀྱི་བཀག་རྒྱ་སེལ་ནས། བེད་སྤྱོད་ཕན་ནུས་ཇེ་མཐོ་དང་གསར་གཏོད་འཕེལ་རྒྱས་སྐུལ་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཆིང་གིས་འགྲེལ་བརྗོད་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་དང་། ལིའུ་གོ་ཀྲུང་གིས་བརྗེ་རེས་གཏམ་བཤད་གནང་། 

  ལི་ཆང་གིས་འགྲེལ་བརྗོད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས། ཚན་རྩལ་གྲུབ་འབྲས་བེད་སྤྱོད་དེ་གསར་གཏོད་མ་ལག་དང་ཐོན་ལས་མ་ལག་དང་འབྲེལ་མཐུད་བྱེད་པ་ནི་ཚན་རྩལ་གསར་གཏོད་ཀྱི་མཇུག་སྒྲིལ་ལས་ཀ་ཡིན་ལ།  ལམ་ལུགས་ནང་རྐྱེན་བཅོས་སྒྱུར་མུ་མཐུད་དེ་ཟབ་སྤེལ་བཏང་ནས། མཁོ་སྤྲོད་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཤར་གཏོང་བྱེད་པ། ཚན་རྩལ་གྲུབ་འབྲས་བེད་སྤྱོད་བྱེད་པའི་གྲུབ་འབྲས་སྔར་བས་ཆེན་མོ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་འཕེལ་རྒྱས་སྐུལ་སྤེལ་ཡག་མོ་བྱེད་་དགོས་ཞེས་གསུངས། ལི་ཆང་གིས་འགག་རྩའི་ཤུགས་སྣོན་ལ་དོ་སྣང་བྱས་ནས་ཚན་རྩལ་གྲུབ་འབྲས་བེད་སྤྱོད་ཀྱི་བཀག་རྒྱ་སེལ་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་དཔྱད་བརྗོད་མ་ལག་དང་ནང་རྐྱེན་མུ་མཐུད་དེ་ལེགས་སྒྱུར་བཏང་ནས།  ཁེ་ལས་གསར་གཏོད་ཀྱི་སྤྱི་ཁོག་གོ་གནས་སྔར་བཞིན་ཇེ་དྲག་གཏོང་བ། ཆ་རྐྱེན་འཛོམས་པོའི་ཁེ་ལས་ཀྱིས་སྣེ་ཁྲིད་དང་། ཡང་ན་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་ལས་གཞིའི་ནང་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཁེ་ལས་དང་མཐོ་སློབ། ཚན་རིག་ཞིབ་འཇུག་ལས་ཁུངས་བར་མཉམ་ལས་དམ་ཟབ་བྱེད་པར་སྣེ་ཁྲིད་པ། ཐོན་ལས་མདུན་གྲས་ཕྱོགས་ནས་ཚན་རྩལ་གྱི་གནད་དོན་སྦྱོང་བརྡར་དང་ཚན་རིག་ཞིབ་འཇུག་འགག་སྒྲོལ་མཉམ་དུ་སྤེལ་ནས། རང་བདག་འགག་སྒྲོལ་ལག་རྩལ་དང་ཐོན་རྫས་གཞི་ཁྱོན་ཅན་གྱི་བཀོད་སྤྱོད་ཁྲོད་མུ་མཐུད་དེ་རབས་བརྗེ་རིམ་སྤར་བྱེད་པར་སྐུལ་འདེད་བྱེད་དགོས་ཞེས་གསུངས།

  ལི་ཆང་གིས་སྲིད་ཇུས་རྒྱབ་སྐྱོར་དང་ཚོང་ར་ཞབས་ཞུ་འཐུས་ཚང་བཏང་ནས།མཐོ་ནུས་མཐུན་སྦྱོར་དང་གསོན་ཤུགས་ལྡན་པའི་གྲུབ་འབྲས་བེད་སྤྱོད་མ་ལག་ཆགས་འཇུག་ཅིང་། ཚན་རྩལ་གྲུབ་འབྲས་བེད་སྤྱོད་ཆོས་ཉིད་དང་བསྟུན། ལས་རིགས་ཚན་རྩལ་གྲུབ་འབྲས་དབང་སྤྲད་དང་རྒྱུ་ནོར་དོ་དམ་བཅོས་སྒྱུར་སྐུལ་སྤེལ་བྱས་ནས། དངུལ་རྩ་སྡེ་ཁག་གི་གསར་གཏོད་དངུལ་རྩལ་ཐོན་རྫས་དང་ཞབས་ཞུ་བྱེད་ཐབས་སྐུལ་སྤེལ། སྣ་མང་ཅན་གྱི་དངུལ་བསྲེས་བརྒྱུད་ལམ་མཁོ་འདོན་བྱེད་པ། ཚན་རྩལ་སྤྱི་པའི་ཞབས་ཞུ་སྟེགས་བུ་ཁག་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། ཚན་རྩལ་གྲུབ་འབྲས་མཁོ་སྤྲོད་ཕྱོགས་གཉིས་ལ་ཕྱོགས་ཀུན་ནས་ཞབས་ཞུ་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།


  • 顶