དགོངས་པ་གསར་པས་བགྲོད་ལམ་གསར་པའི་སྣེ་ཁྲིད།

2025-06-10
452

  ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཤེས་རིག་བརྗེ་རེས་དང་སློབ་སྦྱོང་བྱེད་པ་ནི། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་དང་འཛམ་གླིང་ཞི་བས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན། ན་ནིང་གི་ཟླ་བ་དྲུག་པར། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཀྲུང་གོས་བཏོན་པའི་གྲོས་ཆོད་ལ་གྲོས་མཐུན་གཅིག་གྱུར་བྱུང་ནས། ཟླ་བ་དྲུག་པའི་ཚེས་བཅུ་ཉིན་དེ་ཤེས་རིག་འབྲེལ་འདྲིས་ཀྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་ཡོད། གྲོས་ཆོད་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་ཤེས་དཔལ་གྱི་གྲོས་འགོའི་སྲོག་ཤིང་གི་གཙོ་གནད་ཡོངས་སུ་མཚོན་ཡོད། རྒྱལ་སྤྱིའི་མི་ཆོས་རིག་གནས་བརྗེ་རེས་ཇེ་དྲག་བཏང་ནས། གོ་ལ་ཧྲིལ་བོའི་ཤེས་རིག་འབྲེལ་འདྲིས་གང་ཐུབ་དང་། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་བོའི་ཤེས་རིག་གི་གྲོས་འགོ་ལག་བསྟར་བྱས་ཏེ། མཉམ་པོར་མཛེས་སྡུག་མཉམ་གནས་ཀྱི་འཛམ་གླིང་ཤེས་རིག་གི་མེ་ཏོག་སྣ་བརྒྱའི་ལྡུམ་ར་བསྐྲུན་དགོས་ཞེས་གསུངས་པ་རེད།

  ཤེས་རིག་འབྲེལ་འདྲིས་རྒྱལ་སྤྱིའི་ཉིན་མོ་དང་པོ་རན་པ་ན། དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་དེ་འཛམ་གླིང་གི་ས་གནས་སོ་སོར་སྤེལ་བ་རེད། ཤེས་རིག་འབྲེལ་འདྲིས་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་བྱས་ནས། འཛམ་གླིང་ཡོངས་ཀྱིས་ཤེས་རིག་སྣ་མང་རང་བཞིན་དང་ཤེས་རིག་བརྗེ་རེས་མཉམ་ལས་ཀྱི་རིན་ཐང་གལ་ཆེན་ལ་ངོས་ཟིན་ཐོབ་བཅུག་སྟེ། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་པོར་ཤེས་རིག་བརྗེ་རེས་དང་སློབ་སྦྱོང་གི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ལ་འགྱུར་རྒྱུ་རེད།

  ཤེས་རིག་ནི་ཆུ་བོ་བཞིན་དུ་སྐྱེ་དངོས་ཀུན་ལ་གཤེར་ཞིང་གསོན་ཤུགས་བསྩོལ། ཤེས་རིག་མི་འདྲ་བ་ཇི་ལྟར་མཉམ་གནས་བྱེད་པ་དང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཁ་ཕྱོགས་གང་ལ་འཕེལ་རྒྱས་གཏོང་དགོས་པ་སོགས་གནད་དོན་གལ་ཆེན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་མཐོ་ཚད་ནས། ཡུལ་གནས་མི་འདྲ་བ་ནས་ཤེས་རིག་བརྗེ་རེས་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་འགྲེལ་བརྗོད་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཤེས་རིག་བརྗེ་རེས་ཀྱི་ཀྲུང་གོའི་ཐབས་ཇུས་བཏོན་ནས། འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་བསྐྲུན་པར་ཤེས་རིག་གི་རྨང་གཞི་འཛུགས་སྐྱོང་བརྟན་པོ་བཏང་ཡོད།

  ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་བཅས་ཀྱི་རྩ་འཛུགས་སྤྱི་ཁྱབ་པུའུ་རུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་ཐོག་དང་པོར་ཕྱོགས་ནས། དུས་རབས་གསར་པའི་ཀྲུང་གོའི་རིག་གནས་ཀྱི་ལྟ་བ་འགྲེལ་བརྗོད་གནང་བར་མ་ཟད། ཤེས་རིག་སྤེལ་རེས་དང་དཔེ་ལྟ་བྱེད་པའི་གལ་ཆེའི་ལངས་ཕྱོགས་ཀྱང་བཏོན་པ་རེད། ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པར་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཤེས་རིག་གི་གྲོས་འགོ་བཏོན་པར་མ་ཟད། འཛམ་གླིང་ཤེས་རིག་སྣ་མང་ཅན་ལ་བརྩི་འཇོག་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་དར་སྤེལ། ཤེས་རིག་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཇེ་དྲག་གཏོང་བའི་འབོད་སྐུལ་བཏང་བ་རེད།

  འཛམ་གླིང་ཤེས་རིག་གི་གྲོས་འགོ་ནི་དུས་རབས་གསར་པར་ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་གལ་ཆེན་ཡིན་པར་མ་ཟད། འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་རྒྱབ་བརྟེན་བརྟན་པོ་བྱས་ཡོད།

  ཕྱོགས་གཉིས་ནས་ཕྱོགས་མང་དང་ས་ཁོངས་ནས་འཛམ་གླིང་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཤེས་རིག་མི་འདྲ་བའི་སྤེལ་རེས་དང་དཔེ་ལྟར་སྐུལ་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། རྒྱུན་ཆད་མེད་པར་རྒྱུན་སྲིང་བའི་ཤེས་རིག་གི་རྗེས་ཤུལ་ཞེས་པར་བརྟེན་ནས་རང་རང་སོ་སོར་མཛེས་སྡུག་ཡོད་ལ་མཛེས་སྡུག་མཉམ་རོལ་བྱེད་ཅེས་པའི་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་པ་རེད། ཤེས་རིག་མི་འདྲ་བའི་སྤེལ་རེས་དང་གླེང་མོལ་བྱས་ནས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལངས་ཕྱོགས་བཏོན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ནས་ཁས་ལེན་དང་རྒྱབ་སྐྱོར་བྱས་ཡོད།

  ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྣེ་ཁྲིད་ལ་བརྟེན་ནས་ཀྲུང་གོས་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་རིག་དཔེ་ལྟ་བྱེད་པའི་འབྲེལ་ཟམ་བཙུགས་བཞིན་ཡོད་པས། མིའི་རིགས་མཉམ་དུ་ཡར་ཐོན་དང་འཛམ་གླིང་དར་རྒྱས་གོང་འཕེལ་གཏོང་བར་སྟོབས་ཤུགས་གཅིག་ཏུ་སྡུད་བཞིན་ཡོད།

  ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་རིག་གནས་དར་སྐུད་ཚོང་ལམ་གྱི་འཆར་གཞི་ལག་བསྟར་ནང་ཞུགས་པར་གདན་དྲངས་ཡོད། ཨ་རབ་རྒྱལ་ཁབ་དང་མཉམ་དུ་འཛམ་གླིང་ཤེས་རིག་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ལྟེ་གནས་ཞེས་པ་འཛུགས་འདོད་པའི་བསམ་འཆར་བཏོན། ཧྥེ་གླིང་དང་མཉམ་དུ་ལག་གདང་སྦྲེལ་ནས་ཤེས་རིག་མཉམ་ལས་ཀྱི་དཔེ་ལྟའི་རོགས་ཟླའི་བྱ་སྤྱོད་ལ་སྐུལ་སྤེལ་བྱེད་ཅིང། ཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལི་པི་ས་ཁུལ་གྱི་ཤེས་རིག་སྤེལ་རེས་དང་དཔེ་ལྟ་ཟབ་སྤེལ་གཏོང་བ། ཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལི་པི་རྒྱལ་ཁབ་ཀྱི་ཤེས་རིག་གླེང་མོལ་ཚོགས་ཆེན་འཚོགས་པ་སོགས། བྱ་སྤྱོད་རེ་རེ་ལས་འཛམ་གླིང་ཤེས་རིག་གྲོས་འགོ་ལག་བསྟར་བྱེད་པར་རྐང་ཚུགས་ས་སྔར་ལས་མང་པོ་ཡོད་པ་དང་། ཤེས་རིག་མི་འདྲ་བ་འཆམ་་མཐུན་མཉམ་གནས་དང་ཕན་ཚུན་གྲུབ་འབྲས་ཀྱིས་བཏམས་ཡོད།

ཀྲུང་གོས་ཤེས་རིག་མི་འདྲ་བའི་སྤེལ་རེས་དང་གླེང་མོལ་ལ་སྟེགས་བུ་གསར་པ་བསྐྲུན་ནས། རྒྱལ་སྤྱིའི་མི་ཆོས་རིག་གནས་མཉམ་ལས་རྣམ་པ་སྣ་ཚོགས་སྤེལ་བ་རེད།

  ཀྲུང་གོར་རྒྱུས་ལོན་བྱས་པའི་རྒྱལ་སྤྱིའི་གྲོས་ཚོགས་དང་། ལིའང་ཀྲུའུ་གླེང་སྟེགས། འཛམ་གླིང་གནའ་སྲོལ་རིག་པའི་ཚོགས་ཆེན་བཅས་བདེ་བླག་ངང་འཚོགས་པ་ནས། ཀྲུང་གོ་དང་ཧང་གྷ་རིའི་རིག་གནས་སྤེལ་རེས་དང་ཕན་ཚུན་མིག་དཔེ་མཉམ་ལས་ཞིབ་འཇུག་ལྟེ་གནས་དང་། ཨ་ཐེན་སི་ཀྲུང་གོའི་གནའ་སྲོལ་རིག་གནས་ཞིབ་འཇུག་ཁང་བཅས་གཅིག་རྗེས་གཉིས་མཐུད་དུ་ཕྱེ་་ཞིང། དེ་ནས་ཕྱི་རྒྱལ་བ་ཀྲུང་གོ་རུ་ཡུལ་སྐོར་ཡོང་བར་སྟབས་བདེ་བའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ་དང་། ལྟད་མོ་ཆེ་བའི་ཀྲུང་གོ་དང་ཕྱི་རྒྱལ་ཡུལ་སྐོར་ལོ། རིག་གནས་འདུ་ཚོགས། ན་གཞོན་སྒྱུ་རྩལ་འདུ་ཚོགས་བཅས་རྒྱུན་ཆད་མེད་པར་སྤེལ་རེས་བྱས་པས། བསམ་ཤེས་ཇེ་དྲག་དང་ཡིད་ཆེས་ཇེ་ཟབ་སོང་ནས། སེམས་དང་བསམ་པའི་བར་ཐག་ཇེ་ཉེ་བཏང་།

རིག་གནས་ནི་སྤེལ་རེས་བྱས་པས་རྣམ་པར་བཀྲ་བ་དང་རིག་གནས་ནི་ཕན་ཚུན་མིག་དཔེ་འཛིན་པས་ཕུན་སུམ་ཇེ་ཚོགས་འགྲོ་བཞིན་ཡོད།

  གཞི་ནས་མཇུག་བསྒྲིལ་པའི་ལྔ་ལྔ་དུས་ཆེན་ལ། སྨི་ལོ་གཙང་པོ་ནས་འཇར་མན་གྱི་མེན་དབྱིན་གཙང་པོའི་བར། རྒྱལ་ཁབ་མི་འདྲ་བའི་མི་རྣམས་ཀྱིས་འབྲུག་གྲུ་འགྲན་བསྡུར་ཁྲོད། རིག་གནས་མཉམ་བསྲེས་ཀྱི་ངོ་མཚར་མྱོང་བ་རེད།

  སྐབས་འདིར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་སུའུ་ཨེར་ཧན་གཙང་པོའི་འབབ་རྒྱུད་དུ། མཉམ་དུ་ལོ་ངོ་སྟོང་གི་གནའ་གྲོང་གི་ལོ་རྒྱུས་དྲན་པ་སྔོག་འདོན་བྱེད་བཞིན་ཡོད། གྷི་རི་སི་དང་མེག་སི་ཁོ་སོགས་རྒྱལ་ཁབ་ཀྱི་རིག་དངོས་རྩ་ཆེན་དེ་ཀྲུང་གོའི་ས་གནས་སོ་སོའི་ལྟད་མོ་བར་བསྟན་ནས། འཛམ་གླིང་རིག་གནས་ཀྱི་ངོ་མཚར་འགྲེམ་སྟོན་བྱས་ཤིང་། རིག་གནས་ཁ་བརྡའི་ལྗོངས་རྣམ་རེ་རེས་ཀྲུང་གོ་དང་འཛམ་གླིང་ས་ཆ་སོ་སོ་རུ་ག་ལེར་མངོན་ནས། མཛའ་བརྩེའི་ས་བོན་བཏབས་པ་རེད།

  འདྲ་མཉམ་དང་ཕན་ཚུན་མིག་དཔེ་འཛིན་པ། ཁ་བརྡ། གུ་ཡངས་བཅས་ཀྱི་རིག་གནས་ལྟ་བ་དར་སྤེལ་བཏང་བར། ཀྲུང་གོ་དང་འཛམ་གླིང་གི་མི་འདྲ་བའི་རིག་གནས་ཕན་ཚུན་འབྲེལ་མཐུད་དང་མིག་དཔེ་འཛིན་པ་དང་། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་བཞིན་ཡོད་པས། མིའི་རིགས་ཀྱི་རིག་གནས་ཀྱི་མེ་ཏོག་སྔར་བས་རྣམ་པར་བཀྲ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་མ་འོངས་པར་སྔར་བས་འོད་སྟོང་ལྡན་པར་འགྱུར་བར་ངེས།


  • 顶