ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་གྱི་ལས་བྱེད་པའི་སྐོར་གླེང་བ།

2025-06-10
282

  ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་གྱི་ལས་བྱེད་མི་སྣ་ནི་མི་དམངས་ཀྱི་མིག་དཔེ་དང་རྒྱལ་ཁབ་ཀྱི་སྲོག་ཤིང་ཡིན་ལ། དུས་ཡུན་རིང་པོའི་ནང་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་བྱེད་པ་མི་རབས་རེ་རེས་བྱ་གཞག་འཕེལ་རྒྱས་དང་། དུས་རབས་ཡར་ཐོན་ལ་སྐུལ་སྤེལ་གཏོང་བར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་དང་འདོན་བཞིན་ཡོད། ཁོ་ཚོའི་གཏམ་རྒྱུད་སྔར་བས་ལེགས་པར་བཤད་ནས་སྤྱི་ཚོགས་ཡོངས་ཀྱིས་ཁོ་ཚོའི་བྱས་རྗེས་ལ་སློབ་སྦྱོང་དང་ཁོ་ཚོའི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱ་དགོས། གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་བྱེད་པས་གཟི་བརྗིད་ལ་གཅེས་སྤྲས་དང་རང་གཤིས་མ་དོར་ནས་མུ་མཐུད་འབད་བརྩོན་དང་བྱས་རྗེས་གསར་པ་ཡང་ཡང་འཇོག་པའི་རེ་བ་ཡོད།

༢༠༢༥ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན།ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་བྱེད་པར་གཟེངས་བསྟོད་ཕུལ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས།


  • 顶