
ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཀྲུང་གོ་དང་ཨ་རིའི་རིམ་པ་མཐོ་བའི་བགྲོད་ལམ་གཉིས་པའི་གླེང་མོལ་གྱི་ཨ་རི་ཕྱོགས་ཀྱི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཀྲུང་གོ་དང་ཨ་རིའི་རིམ་པ་མཐོ་བའི་བགྲོད་ལམ་གཉིས་པའི་གླེང་མོལ་གྱི་ཨ་རི་ཕྱོགས་ཀྱི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཕྱོགས་གཉིས་ཀྱི་འབྲེལ་བའི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། མིག་སྔར། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགག་རྩའི་དུས་གནད་དུ་གནས་ཡོད། ཀྲུང་གོ་དང་ཨ་རིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ནི་རྒྱལ་ཁབ་གཉིས་ཀར་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཡོད། ཀྲུང་གོ་དང་ཨ་རིའི་མཐོ་རིམ་བགྲོད་ལམ་གཉིས་པའི་གླེང་མོལ་ནང་རྒྱལ་ཁབ་གཉིས་ཀྱི་ཤེས་ཡོན་ཅན་གྱི་བློ་གྲོས་ངོ་མ་ཟམ་མི་ཆད་པར་གཅིག་ཏུ་བསྡུས་ནས། ཨ་རིའི་ལས་རིགས་ཁག་གིས་ཀྲུང་གོར་ཤེས་རྟོགས་དང་བསམ་ཤེས་བྱེད་ཚད་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ། རྒྱུན་མཐུད་ངང་འཕེལ་རྒྱས་བཅས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཨ་རི་ཕྱོགས་ཀྱིས་བསྟན་དོན། ཨ་རི་དང་ཀྲུང་གོས་མཐོ་རིམ་བགྲོད་ལམ་གཉིས་པའི་གླེང་མོལ་གྱིས་ཕྱོགས་གཉིས་ཀྱིས་ཕ་རོལ་ལ་སྔར་ལས་ཤེས་རྟོགས་ལེགས་པོ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པའི་བསམ་ཚུལ་དེ་བས་མང་པོ་མཁོ་འདོན་བྱེད་ཐུབ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱིན་ཡོད་པས། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། །
འཕྲིན་སྟེགས། weikangba