ལི་ཆང་གིས་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཚོགས་པར་ཐུག་འཕྲད་གནང་།

2025-06-04
700


  ཟླ་བ་དྲུག་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ཡེ་དབྱང་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲིའི་ཚོགས་པར་ཐུག་འཕྲད་གནང་བ་རེད། ལི་ཆང་གིས་ན་ནིང་གི་ཟླ་བཅུ་གཅིག་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་དང་ཞལ་འཛོམས་གནང་ཞིང་། ཁྱོན་ཡོངས་ནས་ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཁེའི་འབྲེལ་བ་འཕེལ་རྒྱས་དང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་པ་དང་བརྟན་བརླིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་པར་མོས་མཐུན་བྱུང་། འཇར་པན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་འབྲེལ་བ་བདེ་ལེགས་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་རེ་བ་ཡོད། མིག་སྔར་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་འཇར་པན་གྱིས་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཁེ་མཉམ་རྒྱལ་ཡོང་བར་བྱེད་དགོས། འཇར་པན་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱིས་མུ་མཐུད་དེ་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་གཏོང་བ་དང་། མཛའ་བརྩེ་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པར་རེ་སྒུག་ཡོད་ཅེས་གསུངས། ཧོ་ཡེ་དབྱང་ཕིང་གིས་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱིས་མུ་མཐུད་དེ་ཀྲུང་གོ་དང་སྤེལ་རེས་ཇེ་མང་གཏོང་བ་དང་། ཕན་ཚུན་ཁོག་ཡངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་བརྩེ་བ་ཇེ་ཟབ་དང་ཕན་ཚུན་བར་གྱི་ངོས་འཛིན་ཇེ་བཟང་གཏོང་བ། གཉིས་ཁེ་མཉམ་ལས་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། 

ཝུའུ་ཀྲེན་ལུང་ཐུག་འཕྲད་ནང་ཞུགས།



  • 顶