རྒྱལ་ནང་གི་ནུས་ཁུངས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱེད་པ། མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ནུས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱེད་དགོས་ལ། སོལ་རླངས་དང་སྣུམ་གསོག་འཇོག་བྱེད་ནུས་འཛུགས་སྐྱོང་ཐད་ཤུགས་ཕྱུང་སྟེ། སྔོན་ཐོན་གྱི་ནུས་ཁུངས་གསོག་འཇོག་ལག་རྩལ་གཞི་རྒྱ་ཆེ་བའི་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ནུས་ཁུངས་རང་བདག་མཁོ་སྤྲོད་ནུས་པ་ཇེ་དགའ་གཏོང་དགོས།
༢༠༢༢ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པའི་ཐུན་མོང་སློབ་སྦྱོང་ཐེངས་སོ་དྲུག་པའི་སྐབས་ཀྱི་གསུང་བཤད་ལས།
འཕྲིན་སྟེགས། weikangba