ལྔ་ལྔའི་གུང་གསེང་རིང་སྔོན་རྩིས་བྱས་ན་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་བའི་མི་སྣ་འགྲོ་འོང་ཚད་མི་ཐེངས་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ས་ཡ་བདུན་ལ་ཟིན་རྒྱུ་རེད།

2025-06-03
213

  གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྔ་ལྔའི་གུང་གསེང་རིང་། སྔོན་རྩིས་བྱས་ན་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་བའི་མི་སྣ་འགྲོ་འོང་ཚད་མི་ཐེངས་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ས་ཡ་བདུན་ལ་ཟིན་རྒྱུ་རེད། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དགུ་ལ་ཟིན་པས། ༢༠༢༤ལོའི་ལྔ་ལྔའི་གུང་གསེང་ལས་བརྒྱ་ཆའི་གསུམ་འཕར།

  ཚེས་གཉིས་ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐད་འགྲུལ་པ་མང་བའི་དུས་ལ་སླེབས། ལྕགས་ལམ་སྡེ་ཁག་གིས་འགྲུལ་པ་མང་བའི་ལམ་ཐིག་དང་ལམ་དུམ་ལ་སྐྱེལ་འདྲེན་ནུས་ཤུགས་ཇེ་མང་གཏོང་། འཆར་གཞི་ལྟར་ན་འགྲུལ་སྐྱེལ་མེ་འཁོར་ཆིག་སྟོང་ཉིས་བརྒྱ་དོན་དགུ་ཁ་སྣོན་བྱ་རྩིས་ཡོད། ལྔ་ལྔ་གུང་གསེང་རིང་། ལྕགས་ལམ་གྱི་འགྲུལ་པ་གཙོ་བོར་གཉེན་ཉེ་འཚམས་འདྲི་དང་ཡུལ་སྐོར་སོགས་ལས་གྲུབ། སྤྱིའི་ཆ་ནས་མི་མང་བ་རེད། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་འཚང་ཁ་ཆེ་བའི་འཁོར་རྒྱུག་རི་མོ་ལག་བསྟར་བྱས་ཤིང་། ཉིན་མ་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཆིག་ཁྲི་ཆིག་སྟོང་གཏོང་རྒྱུ་རེད།

  ལྔ་ལྔའི་གུང་གསེང་རིང་། གཞུང་ལམ་ཐོག་མི་སྣ་འགྲོ་འོང་བྱེད་མཁན་བསྡོམས་པས་མི་ཐེངས་དུང་ཕྱུར་དྲུག་ལ་ཟིན། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གསུམ་ཚེག་གཅིག་བཞི་འཕར། གུང་གསེང་རིང་ཡུལ་སྐོར་འགྲོ་མཁན་མང་ཆེ་ཤོས་ནི་མཐའ་ཁ་དང་ཉེ་འགྲམ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐག་ཐུང་འགྲོ་འོང་རེད། རང་སྐོར་ཡུལ་སྐོར་འགྲོ་འོང་བྱེད་མཁན་ཅུང་མང་བ་རེད། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཉིན་རེར་ཆ་སྙོམས་སྤྱིའི་འགྲོ་འོང་བྱེད་མཁན་སྔོན་རྩིས་བྱས་ན་རླངས་འཁོར་བྱེ་བ་བཞི་དང་འབུམ་བདུན་ཙམ་རེད། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གསུམ་འཕར། གནམ་གཤིས་ཇེ་དྲོ་སོང་བ་དང་བསྟུན། མཚོ་འགྲམ་གྲོང་ཁྱེར་དང་ཆུ་དང་ཉེ་བའི་མཛེས་ཁུལ། ནགས་ཚལ་མཛེས་ཁུལ་དུ་ཡུལ་སྐོར་འགྲོ་བ་དགའ་བསུ་ཆེན་པོ་ཐོབ་པས། ཉེ་འགྲམ་གྱི་ལམ་དྲྭའི་རླངས་འཁོར་རྒྱུག་ཚད་ཅུང་ཆེ་བ་རེད།

  དམངས་གཉེར་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཚད་བསྡོམས་པས་མི་ཐེངས་ས་ཡ་ལྔ་འབུམ་དྲུག་ཆིག་སྟོང་ལ་ཟིན། ཉིན་རེར་ཆ་སྙོམས་མི་ཐེངས་ས་ཡ་གཅིག་འབུམ་བརྒྱད་ཁྲི་དྲུག་སྟོང་བདུན་ལ་ཟིན། གུང་གསེང་གི་དམངས་སྲོལ་ཡུལ་སྐོར་དང་ལྟ་སྐོར་ཡུལ་སྐོར་ཚོང་རའི་སྐུལ་ཁྲིད་འོག ཡན་ལག་མཁའ་ལམ་གྱི་གནམ་གྲུའི་ཡུལ་སྐོར་བ་སྐྱེལ་འདྲེན་ཚད་མྱུར་དུ་འཕར། ཨ་ལི་ཐེ་དང་ཐའ་ཁྲེང་། ཧྥོ་ཧྲན་སོགས་ཀྱི་གནམ་གྲུས་ཡུལ་སྐོར་བ་སྐྱེལ་འདྲེན་གྱི་འཕར་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ།


  • 顶