མཐུན་སྒྲིལ་བརྟན་ལྷིང་ལ་སྐུལ་སློང་བྱེད་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱ་རྒྱུ་དེ་བསམ་བློ་དྲིལ་བསྒྲགས་ལས་དོན་ནང་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་བའི་རླབས་ཆེན་གྱི་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། སྔར་བྱུང་མ་མྱོང་བའི་འགྲན་སློང་དང་དཀའ་ངལ་ཡང་འཕྲད་བཞིན་ཡོད་པས་ངེས་པར་དུ་གཙོ་རྒྱུག་བསམ་བློ་དང་གླེང་ཕྱོགས་བརྟན་པོའི་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དགེ་མཚན་ལྡན་པའི་ནུས་ཤུགས་ཁྱབ་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱ་དགོས།
༢༠༡༣ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba