རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རྒྱུན་དུ་བསམ་བློ་དང་ཆབ་སྲིད་ལ་བརྟག་དཔྱད་བྱེད་ཅིང་། ཏང་ཀྲུང་དབྱང་གི་བླང་བྱ་ཚད་གཞིར་འཛིན་ཞིང་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གྱིས་རང་བཤེར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྤྱད་དེ་མེས་པོ་དཔའ་བོ་དང་སྔོན་ཐོན་གོང་མ་རྣམས་ལ་མིག་དཔེ་བཟུང་ནས།ཐོག་མའི་བསམ་འདུན་ལ་དྲིས་ཞིབ་ཡང་ཡང་བྱེད་ཅིང་བརྩིང་སྲུང་བྱེད་པ།འགན་འཁྲི་བརྟན་པོ་ཕྲག་ཏུ་བླངས་ནས།དུས་དང་རྣམ་པ་ཀུན་དུ་ཐོག་མའི་བསམ་འདུན་བརྟན་ཞིང་འགན་འཁུར་ཐུབ་པར་བྱ་དགོས།
༢༠༢༠ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན།ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་རུ་བརྟན་པོར་འཛིན་པ་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba