མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་ཟབ་སྤེལ་གཏོང་དགོས།

2025-05-30
384

  གསར་འགྱུར་ལྟ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བླ་སྲོག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ལས་དོན་སྒྲུབ་མཁན་རྣམས་ཏང་གི་སྲིད་ཇུས་འདོད་ཚུལ་ཁྱབ་སྤེལ་བྱེད་མཁན་དང་། དུས་རབས་ཀྱི་གནས་ཚུལ་ཟིན་འབྲི་བ། སྤྱི་ཚོགས་ཡར་ཐོན་འགྲོ་བའི་སྐུལ་འདེད་པ། དྲང་གཞག་དྲང་བདེན་སྲུང་བ་པོ་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས།

༢༠༡༦ལོའི་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།


  • 顶