སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནང་མཁོ་རྒྱ་བསྐྱེད་གཅིག་གྱུར་དང་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་མོ། དགོས་མཁོ་ཡིས་མཁོ་འདོན་ལ་སྣེ་ཁྲིད་དང་མཁོ་འདོན་གྱིས་དགོས་མཁོ་བསྐྲུན་པའི་ཆུ་ཚད་སྔར་ལས་མཐོན་པོ་དོ་མཉམ་བྱས་ནས། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་བསྐྱོད་ཡག་པོ་ཐུབ་ཡོད། མིག་སྔར། རང་རྒྱལ་མཁོ་འདོན་མ་ལག་གི་གསར་གཏོད་ནུས་པ་དང་སྤུས་ཚད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སོང་ཡོད། ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། བྱེད་ཐབས་གསར་པ་གསར་བརྗེས་མགྱོགས་པོ་བྱུང་ཡོད། སྤུས་ཚད་མཐོ་བའི་མཁོ་འདོན་གྱིས་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་ཡོད།
གོ་ལ་ཡོངས་སུ་ཆེས་ཆེ་བའི་འཁྱགས་སྒམ་ལས་རིགས་ཀྱི་ཐོན་སྐྱེད་མ་ལག་འདི། སྐར་ཆ་ཉི་ཤུའི་ནང་ཚགས་སྡོམ་འཕྲུལ་ཆས་ཤིག་རང་འགུལ་གྱིས་སྒྲིག་བཀོད་བྱེད་ཐུབ།དེ་དང་དུས་མཚུངས་སུ་རིགས་མི་འདྲ་བའི་འཁྱགས་སྒམ་ཉིས་བརྒྱ་ལྷག་སྒྲིག་སྦྱོར་བྱེད་ཐུབ། དེང་སང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ཁྱབ་ཁོངས་ནང་། དམིགས་བསལ་སྒྲིག་བཟོ་དང་མངགས་ཐོ་ཆུང་ཆུང་ཁེ་སྤོགས་མཐོ་བའི་བྱེད་ཐབས་བརྒྱུད། འཛད་སྤྱོད་པའི་དམིགས་བསལ་གྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་ཐུབ།
རྒྱལ་ཡོངས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་ཆ་སྙོམས་ཉིན་རེར་ཐོན་པའི་གྱོན་གོས་དང་འཁེལ་འཐག་གི་ཐོན་རྫས་གསར་པ་རིགས་ཉིས་ཁྲི་སུམ་སྟོང་ལས་བརྒལ། སྐར་ཆ་བཅུ་ཕྲག་ནང་རྒྱུན་སྤྱོད་ཐོན་རྫས་རིགས་གསར་པ་ཞིག་ཐོན། ད་ལོའི་སྔོན་གྱི་ཟླ་བ་བཞིའི་ནང་། རང་རྒྱལ་གྱི་འཛད་སྤྱོད་ཐོན་རྫས་སྣ་ཁ་རིགས་ས་ཡ་བརྒྱད་དང་ཁྲི་དགུ་ལ་ཟིན། དེ་དུས་མཉམ་ལས་བརྒྱ་ཆའི་བཞི་བཅུ་ཚེག་བཞི་འཕར་ཡོད།
སྤུས་མཐོའི་མཁོ་འདོན་གྱིས་ཉིན་རེ་བཞིན་རིམ་སྤར་སོང་བའི་རྒྱལ་ནང་ཚོང་རའི་དགོས་མཁོ་བསྐོང་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དེང་སྐབས་དཔལ་འབྱོར་འཁོར་བསྐྱོད་ཀྱི་འགལ་ཟླ་གཙོ་བོ་ཁོང་དུ་ཡང་དག་ཆུད་ཡོད། མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྱི་ཐབས་ཇུས་གལ་ཆེན་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཁོ་འདོན་མ་ལག་གི་སྤུས་ཚད་དང་ནུས་ཆོད་མཐོར་འདེགས་དང་། དཔལ་འབྱོར་རྒྱུན་མཐུད་འཕར་བའི་སྒུལ་ནུས་ཇེ་དྲག་བཏང་ནས། རང་རྒྱལ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་པའི་ཆུ་ཚད་སྤྱིའི་ཆ་ནས་སྤར་དགོས་ཞེས་གསུངས།
ཉེ་བའི་ལོར། རྒྱལ་ནང་དུ་དགོས་མཁོ་མི་འདང་བའི་གནད་དོན་འབུར་དུ་ཐོན་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོས་དཔལ་འབྱོར་འཁོར་རྒྱུག་ཁྲོད་མངོན་པའི་འགྱུར་ལྡོག་གསར་པར་ཞིབ་འཇུག་དང་བརྡར་ཐག་བཅད་ནས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་དང་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ནུས་ལྡན་གྱིས་ཟུང་འབྲེལ་བྱས་ནས། མཁོ་འདོན་དང་དགོས་མཁོ་མཐུན་སྦྱོར་ལ་འབད་པ་དང་། འགུལ་རྣམ་དོ་མཉམ་རྒྱུན་འཁྱོངས་བྱེད་དགོས་པ་བཏོན།
ད་ལྟར་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་བཟོ་ལས་ཀྱིས་ཚོང་རའི་དགོས་མཁོ་ལ་སྔར་བས་ཐིག་པོར་དམིགས་ནས། རབས་བརྗེ་གསར་གཏོད་ཇེ་མགྱོགས་གཏོང་བཞིན་ཡོད།
དབྱར་དུས་འཛད་སྤྱོད་མང་བའི་དུས་ལ་འཁེལ། བདག་པོའི་དགོས་མཁོ་སྔོན་གཅོད་ཐུབ་པའི་རིག་ནུས་གཉེར་པ་ནས་མཁོ་མང་སྤྲོད་ཉུང་གི་རྒྱལ་ནང་གཟུགས་བྱད། དགུན་དུས་ཨོ་རྩལ་ནས་སྐུལ་བའི་སོལ་རྒྱུན་གངས་ཤུད་པང་ནས་རང་འགུལ་གྱིས་སྔོན་བརྡ་གཏོང་ཐུབཔའི་རྒས་འཚམས་རིག་ནུས་ཁྱིམ་སྡོད་བར། རིགས་སོ་སོའི་ཐོན་རྫས་གསར་པ་གཅིག་བསྡུས་ཀྱིས་ཚོང་རར་འགྲེམ། ད་ལོའི་དབྱར་ཀར། འཛད་སྤྱོད་པ་མང་པོ་ཞིག་གིས་གྱོན་གོས་རྔུལ་ཆུ་ཐོན་ཡང་ཤུལ་མེད་པ་སོགས་དགོས་མཁོ་སྐོང་བའི་རེ་བ་བཏོན། གྱོན་གོས་བཟོ་གྲྭ་འདི་རུ། བཟོ་པ་རྣམས་ཀྱིས་བཟོ་རྩལ་ལེགས་བསྒྱུར་བྱེད་ཅིང་། སྐྱེ་དངོས་སྐྱེ་འགྲེ་ལག་རྩལ་ནང་འདྲེན་བྱས་ནས། མྱུར་སྐམ་གོས་རླུང་མི་རྒྱུག་པའི་དཀའ་ཁག་སེལ་བ་དང་། ཕྱིར་འཚོང་འཕར་བ་རེད།
འཛད་སྤྱོད་དགོས་མཁོ་སྐོང་བའི་དུས་མཚུངས་སུ། རང་རྒྱལ་གྱི་མཁོ་འདོན་མ་ལག་གི་གསར་གཏོད་ནུས་པ་དང་སྤུས་ཀ་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སོང་། འཛད་སྤྱོད་ཐོན་རྫས་རིགས་སྣ་སྤྱིའི་ཆ་ནས་དུང་ཕྱུར་གཉིས་ལས་བརྒལ། ད་ལོའི་དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་འཛད་སྤྱོད་ཐོན་རྫས་བཟོ་ལས་ཀྱི་རིན་ཐང་འཕར་མ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་གཉིས་འཕར། འཛད་སྤྱོད་ཐོན་རྫས་བཟོ་ལས་ཁྲོད་ཀྱི་བསྡུར་ཚད་བཞི་ཆ་གཅིག་ལས་བརྒལ། གསར་དར་འཛད་སྤྱོད་འཕེལ་རྒྱས་སོང་ནས། མཁོ་འདོན་མ་ལག་ཏུ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ།
རྗེས་མར། རྒྱལ་ཁབ་ཀྱིས་མུ་མཐུད་དེ་འཛད་སྤྱོད་ཐོན་རྫས་བཟོ་ལས་རིགས་སྣ་ཁ་སྣོན་དང་སྤུས་ཀ་མཐོར་འདེགས། ཚོང་རྟགས་སྐྲུན་པ་བཅས་འཐབ་ཇུས་ལག་བསྟར་བྱེད་པ་དང་། མི་བཟོས་རིག་ནུས་ཀྱིས་འཛད་སྤྱོད་ཐོན་རྫས་ལས་རིགས་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་བཀོལ་སྤྱོད་ཇེ་མགྱོགས་བཏང་ནས། འཕེལ་རྒྱས་མགྱོགས་པའི་འཛད་སྤྱོད་རྣམ་པ་སྐུལ་སྤེལ་དང་། ཐོན་རྫས་སྤུས་ལེགས་སྔར་བས་མང་པོ་མཁོ་འདོན་བྱས་ནས་འཛད་སྤྱོད་དགོས་མཁོ་ལ་སྣེ་ཁྲིད་རྒྱུ་རེད།
དེ་དང་དུས་མཚུངས་སུ། རྒྱུན་ཆད་མེད་པར་རྒན་གཅིག་ཆུང་གཅིག་གི་ཞབས་ཞུ་མཁོ་འདོན་ལེགས་བཅོས་བཏང་ནས། ཞབས་ཞུའི་མཁོ་འདོན་ནུས་པ་འཛུགས་སྐྱོང་ཇེ་དྲག་གཏོང་བ། ཞབས་ཞུ་འཛད་སྤྱོ་རྣམ་པ་གསར་གཏོད་དང་། ལས་རྣམ་མཉམ་བསྲེས། ཐོན་ལས་གཅིག་བསྡུས་སོགས་ལ་རྒྱབ་སྐྱོར། རྒྱུན་ཆད་མེད་པར་སྤུས་མཐོའི་མཁོ་འདོན་གསར་པ་གཏོད་དེ་དགོས་མཁོ་གསར་པར་སྣེ་ཁྲིད་པ་བཅས་བྱས་ནས། ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཁ་སྣོན་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba