ལི་ཆང་གིས་ཁོ་ཝེ་ཐིའི་རྒྱལ་རྒྱུད་ས་པ་ཧི་ལ་ཐུག་འཕྲད་གནང་བ།

2025-05-28
324

ས་གནས་དེའི་དུས་ཚོད་ཟླ5པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅི་ལུང་ཕའོ་རུ་ཤར་ཕྱོགས་མནའ་འབྲེལ་གྱི་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་རྩེ་ཚོགས་འཚོགས་པའི་སྐབས་སུ་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཚོགས་པའི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་ཁུ་ཝེ་ཐེའི་རྒྱལ་རྒྱུད་ས་པ་ཧི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅི་ལུང་ཕའོ་རུ་ཤར་ཕྱོགས་མནའ་འབྲེལ་གྱི་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་རྩེ་ཚོགས་འཚོགས་པའི་སྐབས་སུ་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཚོགས་པའི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་ཁུ་ཝེ་ཐེའི་རྒྱལ་རྒྱུད་ས་པ་ཧི་ལ་ཐུག་འཕྲད་གནང་། 

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་དུས་རབས་ཕྱེད་ཀ་ལྷག་གི་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་རླིང་ངང་མདུན་སྐྱོད་བྱེད་ཀྱིན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྨི་ཧྲ་ལེ་ཨའེ་སྨི་ཨེར་གྱི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེའི་དཔལ་འབྱོར་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་མདུན་ལམ་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་གྱི་གྲོས་གཞི་དང་ཁུ་ཝེ་ཐེའི"2035ལོའི་རྒྱལ་ཁབ་ཀྱི་འདུན་པ"སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་གཏོང་བ་དང་མཉམ་ལས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ནུས་ཁུངས་དང་དངུལ་གཏོང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཁེ་ཕན་གྱི་བར་སྟོང་གསར་པ་དེ་བས་མང་པོ་བཏོད་པ་བཅས་བྱས་ནས། འཕེལ་རྒྱས་དང་དར་རྒྱས་ཀྱི་བགྲོད་ལམ་ཐོག་ཕན་ཚུན་ལ་གྲུབ་འབྲས་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ཡུལ་སྐོར་སོགས་མི་ཆོས་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མི་སྣ་འགྲོ་འོང་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་སྔར་བས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། མིག་སྔའི་རྒྱལ་སྤྱིའི་གནས་བབ་ཟང་ཟིང་དང་རྙོག་འཛིང་ཆེ་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ-མཚོ་ཁུག་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ཚོགས་འདུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡའི་ཡིད་རྟོན་ཡིད་ཆེས་ཚོགས་འདུ་སོགས་ཕྱོགས་མང་སྟེགས་བུའི་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ས་པ་ཧིས་བསྟན་དོན། ཁུ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཁུ་ཝེ་ཐེ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཁུ་ཝེ་ཐེས་ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཡི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུ་རྒྱུ། རང་ཉིད་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་དང་ཕྱོགས་མང་ལས་དོན་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  །


  • 顶