སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིངགིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་འཛུགས་སྐྱོང་གི་ལས་ཀར་མཐོང་ཆེན་གནང་བ་དང་།སྙིང་ཉེ་བས་ལོ་ཆུང་བྱིས་པ་འཚར་ལོངས་ཡག་པོ་ཡོང་བར་ཐུགས་འཁུར་གནང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མིར། ཕུགས་འདུན་ཆེན་པོ་འཛུགས་དགོས་པ་དང་། ཕུལ་བྱུང་གི་ཀུན་སྤྱོད་གསོ་སྐྱོང་བྱེད་པ། འབད་པ་ཆེན་པོས་ཤེས་བྱ་སློབ་སྦྱོང་། ལུས་སྟོབས་རྒྱས་ཤིང་བློ་རིག་སྦྱོང་བརྡར་བྱེད་པ། ངལ་རྩོལ་སྙིང་སྟོབས་གསོ་སྐྱོང་། ཆུང་དུས་ནས་གདོང་ལེན་སློབ་སྦྱོང་། ཆེ་དུས་གདོང་ལེན་པ་བྱེད་དགོས་ཞེས་སྐུལ་ལྕག་གནང་བས། རྒྱ་ཆེའི་ལོ་ཆུང་བྱིས་པས་ཕུགས་འདུན་འདུ་ཤེས་ཇེ་བརྟན་དང་། རང་ཚུགས་རང་སྟོབས། འབད་པ་ཡར་བརྩོན་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་འགན་ཆེན་ཕྲག་ཏུ་བཞེས་ཐུབ་པར་བྱ་དགོས་ཞེས་སྐུལ་མ་བྱས་དང་བྱེད་བཞིན་ཡོད།
དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བས། ས་གནས་མང་པོས་གཟི་བརྗིད་ལྡན་པའི་ན་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་མཛད་སྒོ་སྤེལ་བཞིན་ཡོད་ལ། ལྷབ་ལྷུབ་ཏུ་གཡོ་བའི་སྐེ་རས་དམར་པོ་ཡིས་ལོ་རྒྱུས་དང་ད་ལྟ་ཡང་དག་འབྲེལ་ཞིང་། གཟི་བརྗིད་དང་ཕུགས་འདུན་འཁྱེར་ནས། ཕྲུ་གུ་ཚོའི་སེམས་ཀྱི་ས་ཞིང་གཤིན་པོ་ལ་གསར་བརྗེའི་ས་བོན་བཏབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་གཙིགས་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཁོས་གྲོགས་པོ་ཆེན་པོའི་ཚུལ་དུ་ན་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་ནང་ཞུགས་པ་དང་། ན་ཆུང་གདོང་ལེན་རུ་ཁག་ལ་འཕྲིན་ལན་སྤྲིངས་པ་བཅས་ནས། ན་ཆུང་གདོང་ལེན་རུ་ཁག་གིས་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ། ད་ལྟར་མེས་རྒྱལ་གྱི་བྱིས་པ་ཡག་པོ་བྱེད་ཅིང་། མ་འོངས་པར་མེས་རྒྱལ་གྱི་འཛུགས་སྐྲུན་པ་བྱེད་དགོས་ཞེས་བསྟན་པ་རེད།
གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ནས་ཆབ་སྲིད་སྣེ་ཁྲིད་ཇེ་དྲག་གཏོང་བ། ཡང་དག་པའི་རིན་ཐང་ལྟ་བ་འཛུགས་པ་ནས་ཁྱོན་ཡོངས་འཚར་ལོངས་ཡོང་བའི་བཅས་ལ་ སྤྱི་ཁྱབ་ཧྲུའུ་ཅིའི་ལྷག་བསམ་ཟོལ་མེད་ཀྱིས་བཀའ་སློབ་དང་མཛུབ་ཁྲིད་ཞིབ་མོ་གནང་ནས། དུས་རབས་གསར་པའི་ན་ཆུང་བྱིས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཡག་མོ་ཞིག་བརྩོན་ལེན་བྱེད་དགོས་པར་མཛུབ་སྟོན་གནང་ཡོད། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་དུ་འབུམ་རམས་འདོན་བཞིན་པའི་ཝང་ཞིན་ཏིས་ལ་མཚོན་ན་ལོ་ངོ་བཅུ་གཉིས་སྔོན་གྱི་དོན་དེ་ནམ་ཡང་བརྗེད་དཀའ་ཞིག་ཡིན་ཏེ་ སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚོ་དང་མཉམ་དུ་བརྗོད་དོན་གཙོ་བོ་གསལ་པའི་རུ་ཁག་ཉིན་མོ་བཏང་བ་དེ་རེད། ཝང་ཞིན་ཏི་ཡིས། སྤོ་བོ་ཞི་ལགས་གྲོགས་པོ་ཆེན་པོ་ཞིག་དང་འདྲ་བར། ང་ཚོ་འཚར་ལོངས་བྱུང་རྗེས་མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་དུ་གོ་ཆོད་པའི་འཇོན་ཐང་ཅན་ཞིག་འགྱུར་པར་སྐུལ་མ་གནང་བས། ང་ལ་སྐུལ་ལྕག་དང་དྲོད་ཁོལ་ཆེན་པོ་ཐོབ་བྱུང་། ངས་རྒྱུན་ཆད་མེད་པར་དཀའ་ངལ་ཁྱད་གསོད་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་དེ་མེས་རྒྱལ་འཕེལ་རྒྱས་དང་སྦྲེལ་ནས། མེས་རྒྱལ་གྱི་རྨང་གཞིའི་གསོ་རིག་ལས་གཞིར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
ན་ཆུང་གདོང་ལེན་རུ་ཁག་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་དང་གུང་ཁྲན་རིང་ལུགས་ཀྱི་གྲ་སྒྲིག་རུ་ཁག་ཡིན་བས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་མཐོང་ཆེན་བྱེད་དགོས་ལ། ཏང་དང་གུང་གཞོན་ཚོགས་པ། ན་ཆུང་གདོང་ལེན་རུ་ཁག་གི་འཇོན་མི་སྦྲེལ་ཐག་མཐུད་སྦྲེལ་ཡག་པོ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་བརྩེ་འོག ༢༠༢༡ལོར་ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀ་ཇེ་དྲག་གཏོང་བའི་སྐོར་གྱི་བསམ་འཆར་དཔར་འགྲེམས་བྱས་པ་དེ། ཏང་གི་ལོ་རྒྱུས་ཐོག་གི་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ན་ཆུང་གདོང་ལེན་རུ་ཁག་ལས་ཀའི་སྐོར་གྱི་ཡིག་ཆ་དང་པོ་རེད། དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་ལས་ཀར་བྱ་སྤྱོད་ཀྱི་རྩ་འཛིན་མཁོ་འདོན་བྱས་ནས། རྒྱལ་ཡོངས་ཆུང་འབྲིང་སློབ་གྲྭས་སྤྱི་ཡོངས་ནས་སློབ་གྲྭའི་ན་ཆུང་གདོན་ལེན་རུ་ཁག་ལས་ཀའི་ཨུ་ལྷན་འཛུགས་པར་སྐུལ་འདེད་བཏང་བ་དང་། སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགན་ཁུར་པས་ན་ཆུང་གདོང་ལེན་རུ་ཁག་ལས་ཀའི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་བ་དང་། ཏང་ཨུའི་འགོ་ཁྲིད་སྲིད་གཞུང་གི་རྒྱབ་སྐྱོར། གུང་གཞོན་ཚོགས་པས་སྣེ་ཁྲིད། གུང་གཞོན་ཚོགས་པ་དང་སློབ་གསོ། སྤྱི་ཚོགས་བཅས་མཐུན་སྦྱོར་བྱས་ཏེ་དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀའི་ལམ་ལུགས་ནང་རྐྱེན་རིམ་བཞིན་ཆགས་ཏེ། རྒྱ་ཆེའི་ལོ་ཆུང་བྱིས་པར་འཚར་ལོངས་ཁོར་ཡུག་སྔར་ལས་ཡག་པོ་ཆགས་བཅུག་ཡོད།
པེ་ཅིན་གྲོང་ཁྱེར་ཧའེ་ཏེན་ཆུས་མི་རིགས་སློབ་ཆུང་གི་སློབ་གཙོ། ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀའི་ཨུ་ལྷན་གྱི་ཀྲུའུ་རེན་ཏིང་ཧྥུང་ལིའང་གིས། ང་ཚོས་དུས་རྟག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་གསུང་ཡིད་ལ་དམ་པོར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་མི་གསོ་སྐྱོང་བྱེད་པའི་ལས་ཀར་འགོ་ཁྲིད་ཇེ་དྲག་གཏོང་བ་དང་། ཏང་དང་གུང་གཞོན་ཚོགས་པ། ལོ་ཆུང་གདོང་ལེན་རུ་ཁག་གཞི་གཅིག་ཅན་གྱི་ནང་རྐྱེན་ལེགས་ཆ་ཇེ་དྲག་བཏང་ནས། སློབ་མ་ཚོར་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་སྐྱོང་དང་། ཀྲུང་གོའི་འདུ་ཤེས་ལྡན་པའི་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུ་ཡིན་ཞེས་བཤད།
སྐར་འོད་དཔལ་འབར་གྱིས་འཚར་ལོངས་ལ་ལམ་སྟོན་གནང་། སྐེ་རས་དམར་པོས་སློབ་སྦྱོང་ལ་དགའ་ཞེས་པའི་དྲྭ་ཐོག་བརྗོད་དོན་གཙོ་བོའི་ན་ཆུང་གདོང་ལེན་རུ་ཁག་གི་སློབ་ཁྲིད་དེ་ན་ཆུང་གདོང་ལེན་རུ་ཁག་གི་རུ་འབྲིང་ཁྲི་ཕྲག་མང་པོར་ཁྱབ་ཡོད་ལ། ན་ཆུང་བྱིས་པའི་ཆབ་སྲིད་བློ་འབྱེད་དང་རིན་ཐང་ལྟ་བ་བསྐྲུན་པ་ཇེ་དྲག་བཏང་ཡོད། སྐེ་རས་དམར་པོ་སེམས་པ་ཏང་ལ་ཕྱོགས་ཤིང་། སྐེ་རས་དམར་པོས་མེས་རྒྱལ་ལ་དགའ། དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་མིར་བརྩོན་ལེན་སོགས་མུ་འབྲེལ་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་རེད།ཅང་སུའུ་ཧོའེ་ཨན་ནས། ན་ཆུང་གདོང་ལེན་རུ་མི་སྔར་ལས་མང་པོ་ཞིན་ཨན་སྒྲོག་འགྲེལ་ཚོགས་པའི་ནང་ཞུགས་ནས་སྐེ་རས་དམར་པོའི་འགྲེལ་བརྗོད་པ་རུ་གྱུར་ཡོད། ལག་ལེན་རོལ་མྱོང་ཁྲོད་གསར་བརྗེའི་གཏམ་རྒྱུད་རྒྱུས་ལོན་བྱས་ཏེ། རིག་གནས་ཀྱི་ཡིད་ཆེས་ཇེ་ཆེ་དང་མི་རིགས་ཀྱི་སྙིང་སྟོབས་འཛིན་སྐྱོང་བྱས་ཡོད། ཐེན་ཅིན་ནས། རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་འཕྲུལ་ཆེན་ལ་བཅར་ཞེས་པའི་ལྟ་ཞིབ་བྱེད་སྒོ་སྤེལ་བ་དང་། འཇིག་རྟེན་འཕུར་སྐྱོད་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་བཟོ་བསྐྲུན་རྟེན་གཞི་དང་ཐྰན་མེད་གྲུ་ཁ་སོགས་ལ་སོང་ནས། ཚན་རྩལ་དར་བའི་རྒྱལཁབ་ཀྱི་ལག་ལེན་ཟིལ་ཤུགས་རོལ་མྱོང་བྱས་ཤིང་། བརྗོད་དོན་ལག་ལེན་བྱེད་སྒོ་རབ་དང་རིམ་པས་རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མིས་སྤྱི་ཚོགས་ཀྱི་སློབ་ཐུན་ཆེན་མོའི་ཁྲོད་ཕུགས་འདུན་བསླངས་པ་དང་སྦྱོང་བརྡར་བྱས་པ། སློབ་སྦྱོང་འཚར་ལོངས་བྱུང་བཅུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་རེ་དང་བཀའ་བཅོལ་ཡིད་ལ་བཟུང་ནས། ན་ཆུང་གདོང་ལེན་རུ་ཁག་གིས་ན་ཆུང་གདོང་ལེན་རུ་མི་དུང་ཕྱུར་མང་པོར་སྔར་ལས་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་ཡག་པོ་བྱས་ནས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་ལ་འབྲངས་ནས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཕུགས་བསམ་འདུ་ཤེས་ཇེ་བརྟན་དང་། སྤོབས་པ་ཆེན་པོས་ཡར་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་བྱ་གཞག་ལ་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས་པ་རེད།
འཕྲིན་སྟེགས། weikangba