གསར་འགྱུར་ཁྱབ་བསྒྲགས་ལམ་སྲོལ་བེད་སྤྱོད་ཡག་པོ་དང་། རྩེར་སོན་རིག་མཛོད་ཀྱི་སྤེལ་རེས་ཐབས་ལམ་བེད་སྤྱོད་ཡག་པོ་བྱེད་པ། བྱེད་སྒོ་གལ་ཆེན་དང་དུས་ཆེན།འགྲན་བསྡུར་གལ་ཆེན་གྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་པ། ཀྲུང་ཧྭའི་སྲོལ་རྒྱུན་དུས་ཆེན་གྱི་གཞི་རྟེན་བེད་སྤྱོད་ཡག་པོ་བྱེད་པ། ཕྱི་རྒྱལ་གྱི་རིག་གནས་གཡུལ་ས་བེད་སྤྱོད་ཡག་པོ་བྱེད་པ།རིག་གནས་རྣམ་པ་སྣ་ཚོགས་བེད་སྤྱོད་ཡག་པོ་བཅས་བྱས་ནས་ཀྲུང་གོའི་གཏམ་རྒྱུད་དེ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་དོ་སྣང་བྱེད་པའི་བརྗོད་གཞི་ཞིག་ཏུ་འགྱུར་བ་དང་། ཀྲུང་གོའི་སྐད་སྒྲ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གུ་ཡངས་དང་ཁས་ལེན་ཐོབ་པར་བྱ་དགོས།
༢༠༡༦ལོའི་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba