རྒྱུན་ལྡན་གྱི་འཚོ་བའི་ནང་ཚྭ་འམ་བུལ་རྫས་༼ནཱ༽ཀྱི་བྲོ་རྫས་རིགས་སྤྱད་རྒྱུ་མང་དྲགས་ན་གཟུགས་པོར་གནོད་པ་ཆེ་བ་མ་ཟད། སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཡོད།
བཟའ་བཅའ་འགའ་རེའི་ནང་གི་བྲོ་རྫས་འདི་དག་འདུས་ཚད་ཧ་ཅང་མང་ཡང་ཚང་མས་དོ་སྣང་བྱེད་ཀྱི་མེད།
ཟ་མའི་ནང་བུལ་རྫས་འདུས་ཚད་ཉུང་དུ་བཏང་ན་སྙིང་ཁམས་ཁྲག་རྩའི་ནད་མི་འབྱུང་བར་ཕན།
༢༠༢༥ལོར༼ཨ་རིའི་སྙིང་ནད་སྔོན་འགོག་སྐོར་གྱི་དུས་དེབ་༽ཐོག་སྤེལ་བའི་ཞིབ་འཇུག་ཞིག་ལས་ཟས་རིགས་ནང་བུལ་རྫས་འདྲེས་ཚད་ཉུང་དུ་བཏང་ན་སྙིངས་ཁམས་ཁྲག་རྩའི་ནད་རིགས་མི་འབྱུང་བར་ཕན་པ་དང་། བུལ་རྫས་ཉུང་བའི་བཟའ་བཅའ་དང་DASHབཟའ་བཅའ་༼དྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་པའི་བཟའ་བཅའ་༽གཉིས་ཟུང་འབྲེལ་གྱིས་བརྟེན་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་དམའ་རུ་གཏོང་ཐུབ་པ་བསྟན།
གཅིག བུལ་རྫས་ཉུང་བའི་བཟའ་བཅའ་ལ་བརྟེན་ན་ཕན་པ་འདི་འདྲ་ཡོད།
རིག་པ་དྭངས་མོ་ཆགས་པ། ༢༠༢༤ལོར་༼རྒྱུད་རྒྱུ་དང་ཟས་བཅུད་༽སྐོར་གྱི་ཞིབ་འཇུག་ཞིག་ལས་ཚ་མང་པོ་འདུས་པའི་ཟས་རིགས་སྤྱད་ཆེ་ན་དྲན་པ་མི་གསལ་བ་དང་། གླེན་ཁོབ་ཆགས་པའི་ཉེན་ཆེ་རུ་འགྲོ་བ་བསྟན།
སྙིང་གི་གནོན་ཤུགས་ཆུང་དུ་འགྲོ་བ། ཚྭ་མང་པོ་སྤྱད་ཆེ་ན་བུལ་རྫས་སམ་ནཱ་གྱེས་རྡུལ་ཞེས་པ་ཁྲག་གི་ནང་རྒྱུག་འགྲོ་བ་དང་། དེ་ལ་རྐྱེན་བྱས་ནས་ཁྲག་ཤེད་ཇེ་མཐོ་དང་སྙིང་གི་གནོན་ཤུགས་ཇེ་ཆེར་འགྲོ་སྲིད།
མཁལ་མའི་ནད་རིགས་ཇེ་ཉུང་འགྲོ་བ། ཚྭ་མང་པོ་འདྲེས་པའི་ཟས་ཀྱིས་མཁལ་མའི་འཚག་ཆས་ནང་གི་བུལ་རྫས་༼ནཱ༽དང་རྫས་གཞན་གྱི་ཁུར་བོ་ཇེ་ལྕི་རུ་བཏང་ནས་ཁྲག་ཤེད་མཐོ་བའི་ཉེན་ཁ་ཆེ་རུ་འགྲོ་བ་དང་། ཡུན་རིང་པོ་གྱུར་ན་མཁལ་མར་གནོད་པ་ཆེ།
ཕོ་བའི་བདེ་ཐང་ལ་ཕན་པ། ཚྭ་མང་དྲགས་པའི་ཟ་མ་ཟོས་རྗེས་ཕོ་བའི་འབྱར་སྤྱིན་ལ་གནོད་སྐྱོན་ཕོག་འགྲོ་བས་ཟ་མའི་ནང་ཚྭ་ཉུང་དུ་བཏང་ན་ཕོ་བའི་ནད་རིགས་མི་ན་བར་ཕན།
པགས་ལ་ཕན་པ། ཟས་ཀྱི་ནང་ཚྭ་མང་དྲགས་ན་ཁྲག་རྒྱུན་གྱི་སིམ་ཤུགས་ལ་གནོད་འཚེ་ཐེབས་ནས་ལུས་པོའི་ནང་གི་ནཱ་གྱེས་རྡུལ་མང་དུ་སོང་ནས་རླན་གཤེར་ཉམས་འགྲོ་བ་དང་། དེ་ཡི་རྐྱེན་གྱིས་ཤ་པགས་ལ་ཆུ་མི་འདང་བ་གྱུར་ནས་ཤ་པགས་རྩུབ་པོ་ཆགས་ཏེ་གཉེར་མ་ཇེ་མང་འགྲོ་སྲིད།
ཁྲག་ཤེད་ཇེ་དམའ་འགྲོ་བ། འབྲེལ་ཡོད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་རེར་ཚྭ་ཁེ་༠.༩ཙམ་ཉུང་དུ་བཏང་ན་སྙིང་ཁ་ཟུམ་པའི་ཁྲག་ཤེད་དང་། སྙིང་ཁ་འབྱེད་པའི་ཁྲག་ཤེད་གཉིས་སོ་སོར་ཧའོ་སྨི་༢.༠དང་ཧའོ་སྨི་༡.༡ཇེ་དམའ་རུ་འགྲོ་ཐུབ་པ་རེད།
སྙིང་ཁ་ཟུམ་པའི་ཁྲག་ཤེད་ཧའོ་སྨི་༢ཇེ་དམའ་རུ་ཕྱིན་ན་གཟའ་གྲིབ་འབྱུང་བའི་ཉེན་ཁ་བརྒྱ་ཆ་༥.༢%ཇེ་དམའ་རུ་འགྲོ་བ་དང་དེས་ཁྲག་གིས་མི་འདང་བའི་སྙིང་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆ་༣.༢%ཇེ་དམའ་རུ་འགྲོ་ཐུབ་པ་བསྟན།
རུས་པ་ལ་ཕན་པ། བུལ་རྫས་སམ་ནཱ་མཐོ་བའི་བཟའ་བཏུང་ནི་རུས་པ་སབ་སོབ་འགྲོ་བའི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན་པས། ཟ་མའི་ནང་ཚྭ་ཉུང་དུ་གཏོང་ན་རུས་པའི་བདེ་ཐང་ལ་ཕན་ཆེ་བ་རེད། དེར་བརྟེན་ཚང་མས་ཚྭ་ཟ་རྒྱུ་ཇེ་ཉུང་གཏོང་བ་ནི་ཧ་ཅང་གལ་ཆེ།

གཉིས། རྒྱུན་ལྡན་འཚོ་བའི་ཁྲོད་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་དང་བྲོ་རྫས་འདི་རིགས་ལ་གཟབ་དགོས།
ཟས་རིགས་འགའ་རེ་ཟོས་ན་ཚྭ་དེ་ཙམ་མ་བྲོ་ནའང་ཚྭ་འདུས་ཚད་མཐོ་པོ་ཡོད། དཔེར་ན། ཐབ་ཚང་ནང་སྤྱོད་པའི་བྲོ་རྫས་སྣ་ཚོགས་ཁྲོད་ཀྱི་བྱ་བཅུད། སྲན་སྣུམ། ཉ་སོག་སྣུམ་བཅས་ལ་ཚྭ་འདུས་ཚད་མང་བ་མ་ཟད། ཧོ་ཅང་། སྲན་འདག མངར་འདག་སོགས་ཀྱི་ནང་ཚྭ་འདུས་ཚད་ཧ་ཅང་མཐོ། དེ་མིན་ལྡུམ་སྒོང་འདག་དང་། སཱ་ལད་འདག སྤྲི་སེར་འདག་བཅས་ཀྱི་ནང་ལའང་ཚྭ་མང་པོ་འདྲེས་ཡོད།
བསྡུར་ཚད་ཀྱི་དཔེ་གཞི། ཚྭ་ཁེ་༡དང་བྲོ་བཅུད་ཁེ་༢ བྱ་བཅུད་ཁེ་༣། སྲན་སྣུམ་ཁེ་༥དང་ཉ་སོག་སྣུམ་ཁེ་༨། ཤ་དང་སྒོ་ངའི་རིགས། ཤ་བསྙལ་མ་དང་། རྒྱུ་སྐམ། ཚྭ་སྒང་སོགས་བྲོ་བ་ལེགས་པ་དང་ཟས་སྤུས་ཡུན་རིང་འདུག་པའི་ཆེད་ཚྭ་མང་པོ་བསྲེས་ཡོད། དཔེར་ན་འགྱིམ་ཀྲུམ་ཁེ་༡༠༠ཡི་ནང་ཚྭ་ཁེ་༢.༥འདུས་ཡོད་པ་རེད།
ཟས་རིགས་གཙོ་བོ། གོར་སོབ་བསྲེགས་མ་དང་། མགྱོགས་ཐུག་སོགས་གཡོས་སྦྱོར་སྐབས་སུ་ཚྭ་མང་པོ་བསྲེས་ཡོད། དཔེར་ན་གོར་སོབ་བསྲེགས་མ་ཁེ་༡༠༠ཡི་ནང་ཚྭ་ཁེ་༣་འདུས་ཡོད་པ་རེད།
ཚྭ་སྦྱངས་ཟས་རིགས། ཏོའུ་ཧྥུའི་སྐབ་ལེབ་སོགས་ལས་སྣོན་བྱེད་དུས་ཚྭ་དང་སྲན་སྣུམ་བྲོ་རྫས་བསྲེས་ནས་ཚྭ་འདུས་ཚད་མཐོ་པོ་བྱས་ཡོད།
སྣུམ་བསྲེགས་ཟས་རིགས། བྲོ་བ་ཞིམ་ཆེད་བསྣན་པའི་ཚྭ་ཁོ་ན་མིན་པར། སྣུམ་བསྲེགས་ཟས་རིགས་ལ་ད་དུང་སུའུ་ཏ་ཆུང་བ་དང་ལྦུ་ཕྱེ་བསྣན་ཏེ། བུལ་རྫས་སམ་ནཱ་འདུས་ཚད་ཇེ་མང་བཏང་ཡོད།
སིལ་ཟས་སྣ་ཚོགས། དཔེར་ན་འཁྱགས་ཞོ་དང་། བག་ལེབ། ཞོ་སོགས་མངར་ཟས་ལ་སྐྱུར་བསྙལ་དང་དང་དུག་སྲིན་འགོག་པ། བྲོ་བ་ཞིམ་པ་བཅས་ཀྱི་ཆེད་དུ་ཚྭ་འབོར་ཆེན་བསྣན་ཡོད། ལྷག་པར་དུ།ཉ་ལྕུག ཤ་སྐམ་སོགས་སིལ་ཟས་རིགས་ཀྱི་ནང་ལའང་ཚྭ་མང་པོ་འདྲེས་ཡོད།
བཏུའ་བའི་རིགས། ལུས་སྦྱོང་བཏུང་ཁུ་རིགས། འོ་ཇ་དང་མྱུར་ཞུ་ཁ་ཧྥེ།དེ་མིན་དམ་ཟས་རིགས་ཀྱི་ནང་དུའང་ཚྭ་འདུས་ཡོད་པ་རེད།
གསུམ། ཚྭ་དང་ནཱ་ཇེ་ཉུང་དུ་གཏོང་བའི་ཐབས་ལམ་འདི་རྣམས་སྤྱད་ན་ཕན་ངེས།
ནཱ་ཉུང་བའི་ཐོན་རྫས་འདེམས་དགོས། ཐོག་མ་ནཱ་ཉུང་བའི་ཟ་མའི་རྒྱུ་ཆ་འདེམས་དགོས།༼ནཱ་འདུས་ཚད་ཧའོ་ཁེ་༡༢༠/ཡང་ན་ཁེ་༡༠༠༽དཔེར་ན་ཚྭ་ཉུང་བའི་ཞོ་དང་། འབྲས་སྐམ། སྔོ་ལྡུམ་སོགས་སྤྱད་ན་ལེགས།
ཟ་མ་སླ་ངའི་ནང་ནས་མ་བཏོན་གོང་ཚྭ་འདེབས་པ།
ཚལ་བརྔོས་དང་ཁུ་བ་བཟོ་སྐབས་ཟ་མ་སླང་མའི་ནང་ནས་མ་བཏོན་གོང་ཚྭ་བླུགས་ན་ཚྭ་ཟས་ཀྱི་བཅུད་དུ་འདྲེས་མི་འགྲོ་བ་དང་། དྲོ་བ་ལྡན་པ།འདུས་ཚད་ཉུང་ཏུ་གཏོང་བར་བཅས་ལ་ཕན་པ་རེད།
བྲོ་བ་སྐྱུར་མོས་ཚྭ་ཡི་ཚབ་བྱེད་པ། སྐྱུར་མོས་ཚྭ་ཡི་ཚབ་བྱས་ནས་ཟས་དྲི་སློང་བ་དང་། ཉ་དང་ཤ་སོགས་ལ་རང་བཞིན་གྱི་ཚྭ་དྲི་ལྡན་པས་ཟས་རྒྱུ་གཡོས་སྦྱོར་བྱེད་སྐབས། ཚྭ་སྤྱོད་ཚད་འོས་འཚམ་གྱིས་ཉུང་དུ་གཏོང་ཆོག།
ཚྭ་ཉུང་བའི་བཟའ་བཏུང་། ཕྱི་རོལ་དུ་ཟ་མ་ཟ་སྐབས། ཟས་ཁང་བདག་པོར་ཟ་མའི་ནང་ཚྭ་ཉུང་ཙམ་བྱ་དགོས་པའི་རེ་བ་བཏོན་ནས་ཚྭ་ཟ་རྒྱུ་ཉུང་ཐབས་བྱ་དགོས། གང་ལྟར་འཚོ་བའི་ཁྲོད་བྱ་བ་ཆུང་ངུ་ལས་འགོ་བརྩམས་ནས་ཚྭ་ཟ་རྒྱུ་ཇེ་ཉུང་དུ་གཏོང་བར་བརྟེན་བདེ་ཐང་གི་འཚོ་བར་འབད་པ་གལ་ཆེ།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba