ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧི་ནན་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་ཕེབས་པ་དང་། ཁེ་ལས་ཀྱི་རིག་ནུས་བཟོ་ཁང་དུ་སོང་ནས་རིགས་སོ་སོའི་འཁོར་རྟེན་ཐོན་རྫས་ཀྱི་བྱེད་ནུས་དང་སྤྱོད་སྒོར་རྒྱུས་ལོན་མཛད་དེ། རིག་ནུས་ཐོན་སྐྱེད་སྒྲུབ་རིམ་ལ་རྟོག་ཞིབ་བྱས་པ་མ་ཟད་ཁེ་ལས་ལས་བཟོ་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་། ཞི་ཅིན་ཕིང་གིས་གསུངས་རྒྱུར། ང་ཚོས་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྔོན་ཆད་ཀྱི་འབར་ཞུན་དང་འདག་ཆས། ལྕགས་རིགས་སོགས་ནང་འདྲེན་བྱེད་པ་ནས། ད་ལྟར་བཟོ་ལས་རིགས་ཀྱི་ཆེས་ཆ་ཚང་བའི་འཛམ་གླིང་གི་གསར་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་མོར་གྱུར་ཡོད་པས། ལམ་སྣ་འདི་འདེམས་པ་ནི་ཆེས་ལེགས་པ་ཡིན། ང་ཚོས་མུ་མཐུད་དུ་གསར་སྐྲུན་ལས་རིགས་ལེགས་པོར་བསྒྲུབས་ནས། རང་སྟོབས་རང་འཕེལ་རྒྱུན་འཁྱོངས་ཀྱིས་གཙོ་གནད་ཀྱི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པར་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། བྱང་ཚད་མཐོ་བའི་འཇོན་མི་མང་པོ་གསོ་སྐྱོང་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དངོས་གནས་མངོན་འགྱུར་བྱེད་ཐུབ་པ་ཡིན་ཟེར། །




འཕྲིན་སྟེགས། weikangba