གཏམ་བཟང་། བདེ་ཐང་འོས་འགན་སྨན་བཅོས་ཀྱིས་མི་སེམས་ལ་དྲོད་ཁོལ་སྦྱིན།

2025-05-19
305

图片

  ཟླ་5བའི་ཚེས་16ཉིན། རྔ་བ་ལ་བཅངས་བའིབརྩེ་སེམས། ཐུན་མོང་གི་སེམས་འདུན་མཉམ་དུ་སྐྲུན་ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ཐུགས་སེམས་གཅིག་དུ་འདྲེས་ཏེ། ཀྲུང་གོའི་སེམས་འདུན་མཉམ་དུ་སྐྲུན་ཞེས་པའི་སྤྱི་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ། ཉིན་དེར་རྔ་བ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གིས་དུས་མཉམ་དུ་འགོ་ཚུགས་མཛད་སྒོ་སྤེལ་ཡོད། ཐེངས་འདིའི་བྱེད་སྒོའི་ཁྲོད་འོས་འགན་སྨན་བཅོས་དང་།ཞལ་འདེབས་འབུལ་བ།སློབ་གསོ་སྣེ་ཁྲིད་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་བརྒྱུད་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་རྒྱུ་རེད།图片

  འགོ་ཚུགས་མཛད་སྒོའི་རྗེས་སུ།སྨན་དོན་དང་བླངས་མི་སྣ600ལྷག་འཕྲལ་མར་རྔ་བ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་དེ། སྨན་བཅོས་དང་འབྲེལ་བའི་སྤྱི་ཕན་བྱེད་སྒོ་སྤེལ།

  གཅིག  མའོ་རྫོང་ས་ཚིགས།

图片

   པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།

  མའོ་རྫོང་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་པེ་ཅིང་ཧང་ཐེན་སྤྱི་ཁྱབ་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཀང་གིས་ཆེད་མཁས་ཚོགས་པའི་ཚབ་ཞུས་ཏེ། འོས་འགན་སྨན་བཅོས་དང་།གཤགས་བཅོས་རོགས་སྐྱོར།ཡུན་རིང་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་ནས། ས་གནས་ཀྱི་སྨན་བཅོས་ཐད་ཀྱི་དཀའ་གནད་སེལ་རོགས་བྱ་རྒྱུའི་གྲོས་འགོ་བཏོན།

图片

                      པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།


         གཉིས། ཟུང་ཆུའི་ས་ཚིགས།

图片

   པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།


 ཟུང་ཆུའི་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཆེད་མཁས་ཚོགས་པའི་ཚོགས་གཙོ། ཧང་ཐེན་སྤྱི་ཁྱབ་སྨན་ཁང་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཡེ་ཧྥུང་གིས་ཆེད་ལས་ཀྱི་སྨན་བཅོས་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ།ས་གནས་ཀྱི་སྨན་བཅོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར།

གསུམ། གཟི་ཚ་སྡེ་དགུའི་ས་ཚིགས།

图片

 པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།

  བྱེད་སྒོའི་ཁྲོད་ཆེད་མཁས་པ་རྣམས་ཀྱིས་ཆེད་ལས་ཀྱི་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ། མང་ཚོགས་བརྒྱ་ཕྲག་ཁ་ཤས་ལ་བདེ་ཐང་མཛུབ་ཁྲིད་བྱས་ནས། སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ལག་ལེན་དངོས་ཀྱི་ཁྲོད་ནས་བརྩེ་བ་བརྒྱུད་སྤྲོད་བྱས།

བཞི། ཁྲོ་ཆུའི་ས་ཚིགས། 图片

པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས། 

  རྩ་འཛུགས་ཨུ་ལྷན་གྱིས་ས་གནས་དེ་གར་སྒོར་ཁྲི་25.86རིན་པའི་སྨན་རྫས་དང་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་དང་། པེ་ཅིང་གི་རྩེ་གྲ་གསུམ་ཅན་གྱི་སྨན་ཁང་ནས་ཕེབས་པའི་ཆེད་མཁས་པ23གྱིས་འོས་འགན་སྨན་བཅོས་དང་།རིག་གཞུང་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད། སྤྱིར་བཏང་ཕྱི་ནད་ཚན་ཁག་དང་རུས་ནད་ཚན་ཁག་སོགས་ས་མཐོའི་རྒྱུན་མཐོང་ནད་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད།རྒྱང་བསྟེན་སྨན་བཅོས་ཀྱི་ལས་སྟེགས་ལ་བརྟེན་ནས། ས་གནས་དེ་གའི་སྨན་བཅོས་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་རེད།

 ལྔ། བཙན་ལྷའི་ས་ཚིགས། 图片

   པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།

   འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་ཆེད་མཁས་པ་120ལྷག་གིས་འོས་འགན་སྨན་བཅོས་དང་། བདེ་ཐང་རྒྱུན་ཤེས་ཁྱབ་གདལ་སོགས་ཀྱི་རྣམ་པ་བརྒྱུད། ས་གནས་དེ་གའི་མང་ཚོགས་ལ་གནད་འཁེལ་གྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས། ཉིན་དེར་རྩ་འཛུགས་ཨུ་ལྷན་གྱིས་ད་དུང་ས་གནས་དེ་གར་སྒོར་ཁྲི་130ཡི་སྨན་བཅོས་དངོས་ཟོག་ཞལ་འདེབས་སུ་ཕུལ་བར་མ་ཟད།ཡན་ལག་རུ་ཁག་བཞི་བཙུགས་ནས་ས་གནས་མི་འདྲ་བར་བསྐྱོད་དེ་འོས་འགན་སྨན་བཅོས་བྱས།

དྲུག ཝུན་ཁྲོན་ས་ཚིགས། 

图片

   པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།

  ལིའུ་ལིའང་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཆེད་མཁས་པས་བསྟན་དོན། འོས་འགན་སྨན་བཅོས་ཕུད།ད་དུང་སྨན་བཅོས་ལག་རྩལ་གསོ་སྦྱོང་བྱས་ནས་སྤུས་ལེགས་ཐོན་ཁུངས་ཀྱི“མ་ལག་གི་ནུས་པར”སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཡུལ་དངོས་སུ་སྒོར་ཁྲི་36.9རིན་པའི་སྨན་རྫས་དང་དངོས་ཟོག་ཞལ་འདེབས་སུ་ཕུལ། འོས་འགན་སྨན་བཅོས་ཀྱི་ཉིན་དང་པོར་སྙིང་ཁམས་ཁྲག་རྩའི་ཚན་ཁག་དང་རུས་ནད་ཚན་ཁག་སོགས་བློ་འདྲི་སྟེགས་བུའི་མདུན་དུ་གྲལ་སྟར་རིང་པོ་བསྒྲིགས་ཡོད་ལ། ཆེད་མཁས་པ་ཚོའི་ཆེད་ལས་ཞབས་ཞུར་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བགྲེང་།

བདུན། ལི་རྫོང་ས་ཚིགས། 

图片

   པར་ཁུངས། མཛེས་པའི་རྔ་བའི་འཕྲིན་སྟེགས།

    ལི་རྫོང་ས་ཚིགས་ཀྱི་བྱེད་སྒོ་ཡང་ཚེས16ཉིན་དངོས་སུ་འགོ་ཚུགས་པ་དང་། པེ་ཅིང་གི་སྨན་བཅོས་དང་བླངས་པ་25ཡིས་དུས་ཡུན་ཉིན་ལྔའི་རིང་གི་སྤྱི་ཕན་ཞབས་ཞུ་འགོ་ཚུགས་ཡོད།

     ཐེངས་འདིའི་སྤྱི་ཕན་བྱེད་སྒོ་ནི་སྨན་བཅོས་ཐོན་ཁུངས་མདོ་དབུས་ས་མཐོར་སྐྱེལ་བའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ཐད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། དང་བླངས་པ་600ལྷག་ཙམ་གྱིས་ཆེད་ལས་ཀྱི་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་“སྨན་བཅོས་བྱེད་དཀའ་བ་”ཞི་ལྷོད་དུ་གཏོང་བ་དང་།ལག་ལེན་དངོས་ཀྱི་ཐོག་ནས་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་མི་སྣ་གསོ་སྐྱོང་བྱས་ཏེ། གཞི་རིམ་སྨན་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ཡོད།


  • 顶