སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། ཞོག་ཁོག་དཔལ་འབྱོར་གཞུང་ལུགས་ལ་འགྲེལ་བ་ཟབ་མོ་གནང་བ་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཛུགས་སྐྱོང་སྐུལ་སྤེལ་བཏང་ནས། ཀྲེ་ཅང་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཞིང་རྒྱུན་མཐུད་སྤེལ་ནུས་བསྩལ་ཡོད། ལོ་ངོ་ཉི་ཤུ་ལྷག་གི་རིང་། ཀྲེ་ཅང་གིས་བསྟུད་མར་ཞོག་ཁོག་དཔལ་འབྱོར་གཞུང་ལུགས་ཡག་པོ་སྤྱད་པ་དང་། རྒྱུན་ཆད་མེད་པར་ཞོག་ཁོག་དཔལ་འབྱོར་གཞི་ཁྱོན་ཇེ་ཆེར་བཏང་ནས། ཀྲེ་ཅང་བཅོས་སྒྱུར་སྒོ་འབྱེད་གྱི་རྩེ་མོ་དང་མ་འཇོག་ལས་དར་གྱི་གཤིན་ས་རུ་གྱུར་བཅུག་ཡོད།
ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་རུ། ཉིན་རེར་ཆ་སྙོམས་དོས་སྒམ་འབུམ་གཅིག་རེ་ཕྱིར་གཏོང་ནང་འདྲེན་ཐུབ་པ་དང་། ཚོང་ཟོག་སྐྱེལ་འདྲེན་ཚད་བསྟུད་མར་ལོ་བཅུ་དྲུག་ལ་འཛམ་གླིང་གི་ཨང་དང་པོར་ཆགས་ཡོད།
ཅིན་ཧྭ་དབྱི་ཝུའུ་རུ། ཕྱི་རྒྱལ་ཚོང་པ་རྒྱུན་འདུག་མི་གྲངས་ཁྲི་གཅིག་སྟོང་བརྒྱད་ཡོད་པ་དང་། ཕྱི་རྒྱལ་གྱིས་མ་རྩ་བཏང་བའི་རིགས་སོ་སོའི་ཚོང་ཁང་དགུ་སྟོང་ལྷག་ཡོད། རྒྱལ་སྤྱིའི་ཉོ་ཚོང་ཁུལ་གྱི་ཉིན་རེའི་འགྲུལ་བ་མི་ཐེངས་ཀྱང་འབུམ་གཉིས་ཁྲི་གཉིས་ལ་ཟིན་པས། དེང་སང་ཀྲེ་ཅང་དུ། ཚོང་དོན་འདུ་འཛི་ཆེ་ལ་གསོན་ཤུགས་རྒྱས་ཡོད། སྔོན་ཆད་རི་བདུན་ཆུ་གཅིག་ཞིང་ས་སྐར་མ་གཉིས་ཀྱི་དབང་གིས། ཀྲེ་ཅང་འཕེལ་རྒྱས་ཁྲོད་དུ་རྒྱུ་ཆའི་འགོག་རྐྱེན་དང་ཐོན་ཁུངས་ཁོར་ཡུག་གི་དཀའ་ངལ་ཡོད། ༢༠༠༤ལོར། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས། ཞོག་ཁོག་དཔལ་འབྱོར་གྱི་གཞུང་ལུགས་ལ་བརྟེན་ནས་ཀྲེ་ཅང་བརྒལ་ནས་ཀྲེ་ཅང་འཕེལ་རྒྱས་གཏོང་བར་འགྲེལ་བརྗོད་ཟབ་མོ་གནང་ནས། འགག་རྩའི་དུས་རིམ་དུ་ཀྲེ་ཅང་གི་འཕེལ་རྒྱས་ཁ་ཕྱོགས་གསལ་བོ་བསྟན་ཡོད། ༢༠༠༥ལོར། ཁོང་གིས་འཐབ་ཇུས་ཀྱི་དགོངས་པ་དང་མིག་རྒྱང་རིང་པོ། དོན་གཉེར་ལྡན་པའི་མཛད་པ་ཡིས། ཀྲེ་ཅང་པ་གཞན་དུ་སོང་ནས་མ་འཇོག་ལས་གཏོད་ལ་བསྐུལ་བའི་དུས་མཚུངས་སུ། འཕེལ་རྒྱས་ཁོར་ཡུག་ཡག་པོ་བསྐྲུན་ནས་རྒྱལ་ཕྱི་ནང་གི་ཁེ་ལས་ཀྱིས་ཀྲེ་ཅང་དུ་མ་རྩ་གཏོང་བར་བཀུག་པ་དང་། ཕྱི་རྒྱལ་དུ་སྡོད་པའི་ཁེ་ལས་ཕྱིར་ཡོང་ནས་མ་རྩ་གཏོང་བར་བཀུག་ཡོད།བློ་མཐུན་ཞི་ཅིན་ཕིང་གི་སྐུལ་འདེད་འོག ཀྲེ་ཅང་གིས་གཅིག་གྱུར་བཀོད་འདོམས་སྒོས་ནང་དུ་འདྲེན་པ་དང་ཕྱི་ལ་གཏོང་བ། ཁོར་ཡུག་ལེགས་བསྒྱུར་གྱི་ལས་ཀ་གསུམ་དམ་འཛིན་ཡག་པོ་བྱས་ཏེ། ལག་ལེན་ཁྲོད་ནས་སྙིང་སྟོབས་ཆེན་པོས་འཚོལ་སྙེག་བྱེད་པ་དང་རྒྱུན་ཆད་མེད་པར་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འབྱེད་ཐུབ། སྐབས་དེར། ཚོང་ཟོག་ཆུང་ཆུང་གིས་ཚོང་ར་ཆེན་པོ་འབྱེད་པའི་དབྱི་ཝུའུ་ལ་མཚོན་ན། མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བའི་དུས་ཡིན་ལ། རྒྱལ་སྤྱིའི་ཉོ་ཚོང་ཚད་དེ་རིམ་བཞིན་རྒྱལ་ནང་ཉོ་ཚོང་ཚད་ལས་བརྒལ་འགོ་བརྩམས་པར། རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། སྲིད་གཞུང་གི་དོ་དམ་དབང་ཚད་དེ་འཕེལ་རྒྱས་མགྱོགས་ཚད་ཀྱི་རྗེས་སུ་ལུས། བློ་མཐུན་ཞི་ཅིན་ཕིང་ཐེངས་མང་པོར་དབྱི་ཝུའུ་རུ་རྟོག་ཞིབ་ཏུ་ཕེབས་ནས། ༢༠༠༥ལོའི་ཟླ་བ་བཅུ་གཅིག་པར། ཁོང་གིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་ཚོ་ཆུང་མངགས་ནས། དབྱི་ཝུའུ་འཕེལ་རྒྱས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་ཆེད་དུ་ལམ་ལུགས་ནང་རྐྱེན་གྱི་འགོག་རྐྱེན་བསལ། ༢༠༠༦ལོར་ཡང་བསྐྱར་གནས་འདིར་རྟོག་ཞིབ་ཕེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་ལོ་དེའི་ཟླ་བ་བཅུ་གཅིག་པར། སྐུ་དངོས་སུ་དབྱི་ཝུའུ་གྲོང་ཁྱེར་ནས་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་དབང་ཚད་དེ་བཅོས་སྒྱུར་ཚོད་ལྟའི་ལས་ཀ་སྐུལ་འདེད་བཏང་། དེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དབང་ཆ་རྒྱ་བསྐྱེད་ཐེངས་ཤིག་ཡིན་ཏེ། ཐེངས་གཅིག་ཏུ་དབྱི་ཝུའུ་ལ་དཔལ་འབྱོར་སྤྱི་ཚོགས་དོ་དམ་དབང་ཚད་བཞི་བརྒྱ་བདུན་ཅུ་ལྷག་སྤྲད་ཅིང་། དེའི་ནང་དུ་ཕྱི་དངུལ་ཁེ་ལས་དང་ཡན་ལག་ལས་ཁུངས་ཀྱི་ཐོ་འགོད། ཕྱི་རྒྱལ་ཚོང་པའི་དངུལ་གཏོང་ཁེ་ལས་ལོ་ཞིབ་སོགས་ཀྱི་ལས་གཞི་འདུས་ཡོད་པ་རེད། ༢༠༠༧ལོར། དབྱི་ཝུའུ་ཕྱི་ཕྱོགས་སྒོ་འབྱེད་དེ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། ལོ་དེའི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་བརྒྱ་ཆའི་བཅུ་གཉིས་ལས་བརྒལ་བ་རེད།
དངུལ་གཏོང་ཁོར་ཡུག་ལེགས་བསྒྱུར་བྱེད་པ་ནས། ཚོང་འགུག་དངུལ་འདྲེན་ཇེ་དྲག་གཏོང་བ་དང་། དབྱི་ཝུའུ་ཡི་འཕེལ་རྒྱས་དེ་ཀྲེ་ཅང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཚོན་བྱེད་དུ་གྱུར་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། ༢༠༠༣ལོ་ནས་༢༠༠༧ལོའི་བར། ཀྲེ་ཅང་གིས་ཕྱི་དངུལ་ནང་འདྲེན་ཐད་གསར་གཏོད་ཟིན་ཐོ་གསར་པ་བཀོད་པ་དང་། ཁྱོན་བསྡོམས་ཕྱི་རྒྱལ་ཚོང་པ་བེད་སྤྱད་ནས་དངུལ་གཏོང་སྒོར་དུང་ཕྱུར་སུམ་བརྒྱ་གོ་གཅིག་ཟིན་པས། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་ཉེར་དྲུག་ཚེག་བརྒྱད་ཟིན་པ་རེད། ཞོག་ཁོག་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱིས་ཚོང་རའི་ཚོང་གཉེར་བྱེད་མཁན་གྱི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་ཆེན་པོ་བྱས་ཤིང་། དམིགས་འབེན་ལྟར་ ཀྲེ་ཅང་གི་འགོ་ཁྲིད་རབས་དང་རབས་པས་འབད་པ་བྱས་ཏེ། རྒྱུན་མཐུད་ནས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཛུགས་སྐྱོང་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་མང་པོར་ཀྲེ་ཅང་ལ་རྟོག་ཞིབ་ཕེབས་ནས། དུས་རབས་གསར་པའི་ཀྲེ་ཅང་གིས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་གནང་། ཁོང་གིས་ཀྲེ་ཅང་གིས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ཐོག་རྒྱུན་མཐུད་ནས་འབད་འབུངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་གྱིས་སྣེ་ཁྲིད་བྱས་ནས། ཁྱོན་ཡོངས་ནས་ཁྱབ་ཁོངས་སོ་སོའི་ལམ་ལུགས་མ་ལག་གསར་གཏོད་སྐུལ་འདེད་གཏོང་དགོས་གསུངས་ཡོད། ཧྲུའུ་ཅི་ཡི་གདམས་པ་ལྟར་ཀྲེ་ཅང་གིས་རྒྱལ་ཡོངས་ལ་ཞབས་ཞུ་དང་འཛམ་གླིང་ལ་ཁ་ཕྱོགས་པའི་མིག་རྒྱང་གིས་བཅོས་བསྒྱུར་འཆར་འགོད་བྱེད་དེ། དམངས་གཉེར་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་བྱེད་ཐབས་སོ་གཉིས་བཏོན་ཞིང་།ལག་དངུལ་དཀར་པོ་བུད་ནས་ཁེ་ལས་ལ་ཕན་བཏགས་པའི་སྲིད་ཇུས་ཐད་ནུས་པ་ཆེན་པོ་བཏོན་ཡོད། ཚོང་གཉེར་ཁོང་ཡུག་ལེགས་བསྒྱུར་སྒྲིག་སྲོལ་ལག་བསྟར་དང་། ནང་ཞུགས་ཕྱིར་བུད་ལམ་ལུགས་འཐུས་ཚང་དང་སྒོ་འབྱེད་སྤུ་མཐོའི་བྱེད་ཐབས་ལེགས་བསྒྱུར། རྒྱུ་རྐྱེན་འགན་སྲུང་རྒྱབ་རྟེན་ཇེ་དྲག་སོགས་ཕྱོགས་དགུ་ནས་སྲིད་ཇུས་དག་ལག་བསྟར་གནད་དུ་ཕབ་ཡོད།
དེང་སང་། ཀྲེ་ཅང་གིས་རྒྱལ་ཕྱི་ནང་གི་ཐོན་ཁུངས་རྒྱུ་ཆ་རྩེ་གྲས་ནང་འགུགས་ནུས་པ་མུ་མཐུད་དུ་ཇེ་དྲག་གཏོང་བཞིན་ཡོད་ལ། འཇར་པེན་ནས་ཡོང་བའི་ནེ་ཏེ་ཁོ་ཚོགས་པའི་བཟོ་གྲྭ་བཅུ་དྲུག་ཅ་ཞིང་ཕིང་ཧུའུ་རུ་གཞིས་ཆགས་ཡོད་ལ། ལོ་ཉི་ཤུ་ལྷག་གི་རིང་ལ་ཁེ་ལས་ཀྱིས་སྔ་རྗེས་སུ་མ་དངུལ་ཐེངས་སོ་གསུམ་ཇེ་མང་བཏང་ནས། གློག་འཕྲུལ་དང་རླངས་འཁོར་སོགས་ཁྱབ་ཁོངས་དུ་མ་འདུས་ཡོད། ཀྲེ་ཅང་སྤུས་མཐོའི་འཕེལ་རྒྱས་ཀྱི་ཕྱི་དངུལ་འདུས་ཁུལ་གྱི་སྔོན་སྐྱོད་ཁུལ་ཡིན་པའི་ཆ་ནས། ཅ་ཞིང་གིས་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅོ་ལྔའི་ཕྱི་དངུལ་ལས་གཞི་ཁྲི་གཅིག་ལྷག་གཞིས་ཆགས་ཡོད།
ཧྲང་ཀྲོའུ་རུ། སྤྱི་ཁྱབ་དཔལ་འབྱོར་འཕེལ་རྒྱས་ནུས་པའི་རིམ་པ་གང་མགྱོགས་སྤར་བཞིན་ཡོད་ལ། ས་གནས་དེ་གའི་སྤྱི་ཁྱབ་ཁེ་ལས་སྐར་རིམ་པའི་གསོ་སྐྱོང་འཆར་འགོད་སྤེལ་བ་དང་། སྤྱི་ཁྱབ་ཁེ་ལས་དང་གསར་འགོད་སྡེ་ཁག་གི་བཀོད་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། མིག་སྔར། ཡུས་ཧང་ཆུས་སུ་ཡོད་པའི་ཝེ་ཝོ་གོ་ལ་ཡོངས་ཀྱི་མིས་བཟོས་རིག་གནས་སྤྱི་ཁྱབ་ཁང་གང་མགྱོགས་སྐྲུན་བཞིན་ཡོད་པ་དང་། ལས་ཚར་དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་རྩེ་གྲས་ཀྱི་ཐོན་ལས་མ་ལག་དེ་མིས་བཟོས་རིག་གནས་ཁྱབ་ཁོངས་སུ་འདུ་ཐུབ་པརེད། ༢༠༢༤ལོར། ཀྲེ་ཅང་ལ་ཁེ་ལས་དང་ཁེར་གཉེར་པ་ས་ཡ་གཅིག་འབུམ་དྲུག་ཁྲི་གཉིས་སྟོང་ལྔ་ཆགས་ཡོད་པ་དང་། ལོ་མཇུག་ཏུ་ཐོ་འགོད་ཚོང་གཉེར་མཁན་གྱི་སྤྱིའི་བསྡོམས་གྲངས་དེ་བྱེ་བ་གཅིག་དང་འབུམ་དགུ་ཁྲི་ལྔ་སྟོང་གཅིག་བདུན་བརྒྱར་ཟིན་ཞིང་། ཀྲེ་ཅང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་དགུ་ལས་བརྒལ་བ་དང་ དེའི་ནང་དམངས་གཉེར་དཔལ་འབྱོར་གྱིས་བརྒྱ་ཆའི་རེ་བདུན་ཚེག་བཞི་ལ་ཟིན་བས། ཞིང་ཆེན་ཡོངས་ཀྱི་ཕྱི་གཏོང་ནང་འདྲེན་གྱི་བརྒྱད་ཆའི་བརྒྱད་ཅུ་ཡན་དང་ལས་ཞུགས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་ཟིན་པའི་བྱས་རྗེས་ཆེན་པོ་བཞག་ཡོད།
འཕྲིན་སྟེགས། weikangba